ཨ་རིའི་སྲིད་འཛིན་མཆོག་གིས་ཨེ་ཤ་ཡ་ཁུལ་རྒྱལ་ཁབ་ལྔ་ལ་འཚམས་འདྲི།

2017-11-07
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
ཨ་རིའི་སྲིད་འཛིན་ཌོ་ནལྜ་ཊམ་མཆོག་ཉི་ཧོང་དུ་ཕེབས་ནས་ཉི་ཧོང་གི་སྲིད་འཛིན་ཤིན་ཛོ་ཨ་སྦི་མཆོག་དང་མཇལ་འཕྲད་གནང་བ།
ཨ་རིའི་སྲིད་འཛིན་ཌོ་ནལྜ་ཊམ་མཆོག་ཉི་ཧོང་དུ་ཕེབས་ནས་ཉི་ཧོང་གི་སྲིད་འཛིན་ཤིན་ཛོ་ཨ་སྦི་མཆོག་དང་མཇལ་འཕྲད་གནང་བ།
ཨེ་ཨེཕ་པི།

༄༅། །ཨ་རིའི་སྲིད་འཛིན་མཆོག་གིས་ཐེངས་དང་པོ་ཨེ་ཤི་ཡའི་རྒྱལ་ཁབ་ལྔའི་ནང་དུ་འཚམས་གཟིགས་ཕེབས་བཞིན་པ་དང་། དེ་ཡང་ཕྱི་ཚེས་༣ཉིན་ནས་བཟུང་ཉིན་གྲངས་༡༡ཡི་འཚམས་འདྲི་དེའི་རིང་ཐོག་མར་ཉི་ཧོང་དང་དེ་ནས་ལྷོ་ཀོ་ར་དེའི་རྗེས་གཟའ་ལྷག་པ་ཕྱི་ཚེས་༨ཉིན་རྒྱ་ནག་ནང་ཕེབས་འབྱོར་གནང་གི་ཡོད་པ་རེད། དེ་ནས་Vietanm and Philippines བཅས་ཕྱི་ཚེས་༡༢བར་གཟིགས་སྐོར་གནང་གི་ཡོད་པ་རེད། ཨ་རིའི་སྲིད་འཛིན་གྱི་གསར་འགོད་མགྲིན་ཚབ་པས་གསུངས་ན། ད་ཐེངས་སྲིད་འཛིན་གྱི་འཚམས་གཟིགས་དེ་ནི་ཨ་རིའི་ཡུན་རིང་མཉམ་འབྲེལ་དང་མཐུན་ཕྱོགས་རྒྱལ་ཁབ་ཁག་ལ་བཅངས་པའི་ཆོད་སེམས་དང་དེ་བཞིན་ཞི་བདེའི་རྒྱ་མཚོ་ས་ཁུལ་དུ་རང་དབང་དང་གུ་ཡངས་ཀྱི་གནས་བབ་ཐོག་ཨ་རིས་འགོ་འཁྲིད་གནང་རྒྱུ་ཡིན་པ་བསྐྱར་དུ་ར་སྤྲོད་བྱས་པ་མཚོན་གྱི་ཡོད་སྐོར་བརྗོད་འདུག
སྲིད་འཛིན་ཌོ་ནི་ཁྲོམ་མཆོག་གིས་སྤྱི་ཚོགས་བརྒྱུད་ལམ་ཏུ་ཀྲི་བརྒྱུད་ནས་ཡིག་འབྲུ་༡༤༠ལས་མ་བརྒལ་བའི་གནས་ཚུལ་ཡང་སེ་སྤེལ་གྱི་ཡོད་པའི་བརྒྱུད་ལམ་དེ་ནི་རྒྱ་ནག་ནང་ཁུལ་གྱི་བེད་སྤྱོད་མཁན་ཚོར་བཀག་བསྡོམས་བྱས་ཡོད་སྟབས་སྲིད་འཛིན་གྱི་བེད་སྤྱོད་ཐུབ་མིན་གྱི་སྐོར་ད་ལྟའི་སྐབས་སུ་གང་ཡང་བཤད་མེད་པ་རེད། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་Zheng Zeguang་ཀྱིས་ཕྱིའི་རྒྱལ་ཁབ་གྱི་དབུ་འཁྲིད་རྒྱ་ནག་དུ་ཕེབས་སྐབས་སུ་ང་ཚོའི་གནད་དོན་ཕྱོགས་ཡོངས་ནས་བསམ་བློ་གཏོང་གི་ཡོད་པ་རེད། དེར་བརྟེན་སྲིད་འཛིན་མཆོག་གིས་ཕྱི་ཕྱོགས་སུ་འབྲེལ་ལམ་ཉར་རྒྱུའི་ནུས་པ་ཡོད་མེད་ཀྱི་སྐོར་ཐེ་ཚོམ་མེད་པ་རེད་ཅེས་བརྗོད་འདུག། སྲིད་འཛིན་ཌོ་ནི་ཁྲོམ་མཆོག་གིས་ལྷོ་ཀོ་རི་ཡར་བྱང་ཀོ་རོ་ཡི་གནད་དོན་ཐོག་ཤིའི་ཅིན་ཕིན་གྱིས་ཕན་ཐོགས་ཆེན་པོ་བྱུང་ཞེས་བསྟོད་བསྔགས་མཛད་འདུག
ད་ཐེངས་སྲིད་འཛིན་ཌོ་ནི་ཁྲོམ་གྱིས་སྲིད་འཛིན་ཤིན་དང་མཇལ་ཕྲད་ཀྱི་སྐབས་སུ་འགྲོ་བ་མིའི་ཐོབ་ཐང་དང་གི་གནད་དོན་སོགས་གདོང་ཐུགས་ཀྱི་སྐད་ཆ་རིགས་ཤེས་མ་སྲིད་ཀྱང་ཨ་རིའི་སྲིད་འཛིན་ཕོ་བྲང་གིས་ཁྱོན་ཡོངས་ནས་རྒྱ་ནག་གི་ཐོག་ལ་ལམ་ཕྱོགས་དེ་མཁྲེགས་པོ་ཞིག་འཛིན་རྒྱུ་ཡིན་པ་རིམ་པའི་མངོན་རྒྱུ་རེད་ཅེས་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་འདུག།
གསར་འགོད་པ་རྡོ་རྗེ་དགྲ་འདུལ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།