གཞོན་སྐྱེས་ནུས་སྟོབས་གོང་སྤེལ་གྱི་ཟབ་སྦྱོང་།

བོད་མི་གཞོན་སྐྱེས་ ༤༦ ལ་ཚོང་གི་ལས་དོན་ཆུང་ཚག་ཡོང་ཐབས་སུ་མ་རྩ་འཛུགས་ཕྱོགས་དང་འབྲེལ་བའི་ཚོང་འབྲེལ་ལས་དོན་གཉེར་ཕྱོགས་ཐད་ཟབ་སྦྱོང་ཞིག་ཚུགས་ཡོད་པ་རེད།

2012.12.25

༄༅།    །དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་གོ་སྒྲིག་འོག    ཚོང་དོན་ཡར་རྒྱས་དང་འབྲེལ་བའི་ཟང་སྦྱོང་དེ་བཞིན་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་ཕྱོགས་ཀྱི་ཚོང་ལས་ཆུང་ངུ་ཟབ་སྦྱོང་བསྟི་གནས་ཁང་དུ་གོ་སྒྲིག་ཞུས་ཡོད་ཅིང་།   ལས་གཞི་དེ་བཞིན་གཞོན་སྐྱེས་ནུས་ཤུགས་གོང་མཐོར་སྤེལ་རྒྱུའི་ལས་གཞིའི་འོག་གོ་སྒྲིག་གནང་བ་ཞིག་ཡིན་འདུག ཟབ་སྦྱོང་དེ་ནི་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༤ ནས་འགོ་བཙུགས་ཀྱིས་ཕྱི་ཚེས་ ༢༨ བར་འཚོགས་རྒྱུ་ཡིན་འདུག་པ་དང་།  ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི།    ཟབ་སྦྱོང་བ་རྣམས་ལ་གཞོན་སྐྱེས་ནུས་ཤུགས་གོང་མཐོར་སྤེལ་རྒྱུའི་ལས་གཞི་འདིའི་འོག    སྐོར་བསྐྱོད་མ་དངུལ་གྱི་བུན་ལོན་གཡར་བའི་ཐོག་གོ་རྟོགས་སྤེལ་བའི་བརྒྱུད་ཚོང་ལས་ཆུང་ངུའི་རིགས་ལ་ལས་གཞི་འགོ་འཛུགས་ཆེད་འབྲེལ་ལམ་བྱ་རྒྱུའི་ནུས་པ་གོང་མཐོར་གཏོང་རྒྱུ་སོགས་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎