ཉིན་རྒྱ་དུས་གཅིག་གི་སྨོན་ལམ།

2013-02-20
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
ཉིན་རྒྱ་དུས་གཅིག་གི་སྨོན་ལམ།
བོད་མིའི་སྒྲིག་འཛུགས་ཀྱིས་བོད་དོན་དུ་རང་སྲོག་གཏོང་མཁན་ཡོངས་ལ་གཞུང་ཕྱོགས་ནས་སྨོན་ལམ་གནང་།
བསྟན་འཛིན་དོན་ཡོད།

༄༅༎བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་དེ་རིང་ཆོས་རིག་ལས་ཁུངས་ནས་སྤྱིར་འདས་པོ་ཁོང་གསུམ་གྱིས་གཙོས་ད་བར་བོད་བསྟན་སྲིད་དང་མི་རིགས། རང་དབང་གི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་གྱི་གཞིས་བཞུགས་ཕོ་མོ་འདས་གསོན་ཡོངས་ལ་གཞུང་ཕྱོགས་ནས་གདུང་སེམས་མཉམ་སྐྱེའི་མྱ་ངན་རྗེས་དྲན་གྱི་ཚོགས་འཛོམས་ཤིག་གོ་སྒྲིག་གནང་འདུག
དེ་ཡང་ཕྱི་ཟླ་༢ཚེས་༢༠རེས་གཟའ་ལྷག་པའི་ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་བརྒྱ་ཚར་འབུལ་ཤོམ་དང་འབྲེལ། མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྲིད་ཚབ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང༌། སེར་སྐྱ་མི་མང་དང་སློབ་ཕྲུག ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་དང་འབྲེལ་བའི་གསུང་བཤད་གནང་རྗེས་ཕྱི་དྲོ་ཆུ་ཚོད་ ༥ བར་སྨོན་ལམ་གསུང་འདོན་གནང་བཞག།