བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་གཟའ་མཇུག་སློབ་གྲྭ།

2017-12-22
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
མི་ནི་སོ་ཌ་གཟའ་མཇུག་བོད་ཡིག་སློབ་གྲྭ།
མི་ནི་སོ་ཌ་གཟའ་མཇུག་བོད་ཡིག་སློབ་གྲྭ།
ཨ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌།

༄༅༎ ཐེངས་འདིའི༼   གངས་ལྗོངས་གླེང་སྟེགས༽  ནང་དུ། ཕྱི་གླིང་ཡུལ་གྲུ་ཁག་ན་བཙུགས་ཡོད་པའི་བོད་ཡིག་བོད་སྐད་སློབ་སའི་གཟའ་མཇུག་གི་འཛིན་གྲྭའི་གལ་ཆེའི་རང་བཞིན་ཐད་བགྲོ་གླེང་བརྒྱུད། བོད་ཀྱི་རིག་གཞུང་སློབ་གསོའི་ཁྲོད་གཟའ་མཇུག་གི་འཛིན་གྲྭའི་གལ་ཆེའི་རང་བཞིན་དང་། དེ་བཞིན་དུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་བོད་མི་རིགས་ཀྱི་ངོ་བོ་རྒྱུན་འཛིན་གྱི་ལས་དོན་ཁྲོད་གཟའ་མཇུག་གི་འཛིན་གྲྭའི་འགན་བབ། ཡང་སྒོས་སུ་གཟའ་མཇུག་གི་འཛིན་གྲྭ་དང་བོད་མི་རིགས་ཀྱི་རང་དབང་སླར་གསོའི་ལས་དོན་དབར་གྱི་འབྲེལ་བ་ལ་སོགས་པའི་ཐད་བགྲོ་གླེང་བྱེད་རྒྱུ་ཡིན།
གདན་ཞུ་སྐུ་མགྲོན།
ཨ་རིའི་ཞཱར་ལོ་ཚི་ཝལ་གྲོང་ཁྱེར་ན་ཡོད་པའི་བོད་རྒྱུད་ནང་བསྟན་བཀྲ་ཤིས་ཆོས་གླིང་གི་འགན་འཛིན་དང་། ས་གནས་བོད་ཀྱི་གཟའ་ཉི་མའི་འཛིན་གྲྭའི་དང་བླངས་དགེ་རྒན་ཇོ་ནང་པའི་མཁན་པོ་ངག་དབང་རྡོ་རྗེ་ལགས་དང་།    ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་བོད་ཀྱི་གཟའ་མཇུག་གི་འཛིན་གྲུའི་དང་བླངས་དགེ་རྒན་སྐལ་བཟང་བློ་གྲོས་ལགས་བཅས་ཡིན།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།