གླིང་ཚ་གླེང་བ་དང་གླིང་ཚ་འཚོལ་བ།


2013.09.13
ལས་འགུལ་བ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས།
གླིང་ཚ།

༄༅།    །ཐེངས་འདིའི་གཏམ་གླེང་ཞལ་པར་ཞེས་པའི་ལེ་ཚན་ནང་གཙོ་བོ་ཉེ་བའི་ཆར་བོད་དང་ས་ཐག་ཉེ་ས་རྒྱ་གར་གར་གྱི་མཐའ་མཚམས་ས་ཁུལ་ཞིག་ནས་གློ་བུར་གར་སོང་ཆ་མེད་དུ་གྱུར་བའི་བོད་སྐྱོད་ཞི་བའི་གོམ་བགྲོད་པ། བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་སྐོར་ལ་གླིང་ཚ་འཚོལ་བ་དང་། གླིང་ཚ་གླིང་བ་ཞེས་བའི་བརྗོད་གཞིའི་ཐོག    ཆེད་དུ་གླིང་ཚའི་ཨ་མ་ལྡོམ་པོ་སྐྱིད་ལགས་དང་། བོད་མི་མང་སྤྱི་འཐུས་རྨོག་རུ་བསྟན་པ་ལགས། གླིང་ཚ་མཉམ་ས་མཚམས་ཉེ་བར་བསྐྱོད་མཁན་སྐལ་བྷེ་ཐར་ལགས། དེ་བཞིན་གླིང་ཚ་གར་སོང་ཆ་མེད་ལ་གྱུར་ས་དང་ཐག་ཉེར་བཞུགས་མཁན་དང་། གླིང་ཚའི་ལས་འགུལ་ལ་སྔ་ཕྱི་བར་གསུམ་དུ་ཐུགས་སྣང་གནང་མཁན་རྡོར་གླིང་མི་རིགས་འབོ་དཀར་དགོན་པའི་བོད་དྲུང་དང་། དགེ་རྒན་གཅིག་ལྕོག་བྱེད་མཁན་འབོ་དཀར་འཕྲིན་ལས་ལགས་བཅས་མཉམ་ལས་རིམ་གཙོ་སྐྱོང་བ་ཀླུ་འབུམ་བཀྲིས་ལགས་ཀྱིས་བགྲོ་ གླེང་གནང་བ་དང་། གླིང་ཚའི་ཨ་མ་ལྡོམ་པོ་སྐྱིད་ལགས་ཀྱིས་ཁོང་གི་བུ་གླིང་ཚ་དྲན་མགུར་བླངས་བ་སོགས་ཡོད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎