གསེར་རྟ་ཆོས་སྒར་ནས་མགོ་ལོག་ཕྱོཊ་ཀྱི་གྲྭ་བཙུན་ཕྱིར་ཕུད་བྱས་འདུག

2016-12-26
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་ནས་མཚོ་སྔོན་མགོ་ལོག་ཕྱོགས་ཀྱི་གྲྭ་བཙུན་ལྔ་བརྒྱ་ཙམ་ཕྱིར་ཕུད་བཏང་སྐབས། ༢༠༡༦།༡༢།༢༤
རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་ནས་མཚོ་སྔོན་མགོ་ལོག་ཕྱོགས་ཀྱི་གྲྭ་བཙུན་ལྔ་བརྒྱ་ཙམ་ཕྱིར་ཕུད་བཏང་སྐབས། ༢༠༡༦།༡༢།༢༤
བོད་འབྱོར།

རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་ནས་མཚོ་སྔོན་མགོ་ལོག་ཕྱོགས་ཀྱི་གྲྭ་བཙུན་ལྔ་བརྒྱ་ཙམ་ཕྱིར་ཕུད་བཏང་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་གནས་ཚུལ་བཏང་དོན་ལྟར་ན། སྤྱི་ཟླ་༡༢་བའི་ཚེས་༢༤་ཉིན། རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་ནས་མཚོ་སྔོན་མགོ་ལོག་ཕྱོགས་ཀྱི་གྲྭ་བཙུན་ལྔ་བརྒྱ་ཙམ་ཕྱིར་ཕུད་བྱས་ནས་སྤྱི་སྤྱོད་མོ་ཊའི་ནང་བཙན་ཁྲོས་བྱས་སྐབས་ཁོང་རྣམས་གསེར་རྟ་བླ་རུང་སྒར་དང་ཁ་བྲལ་མ་ཕོད་པའི་ཁར་སེམས་སྡུག་གིས་མནར་ནས་ཁག་ཅིག་དྲན་མེད་བརྒྱལ་བའི་གནས་ཚུལ་བྱུང་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གི་ཉེན་རྟོག་པས་གྲྭ་བཙུན་དྲན་མེད་དུ་བརྒྱལ་བ་ནི་གཡོ་སྒྱུ་ཡིན་ལུགས་བཤད་དེ་དོ་སྣང་
བྱས་མེད་ཀྱང་རྗེས་སུ་གནས་ཚུལ་དེ་དངོས་བདེན་ཡིན་པ་ཤེས་ནས་སྨན་ཁང་དུ་བསྐྱལ་དགོས་བྱུང་ཡོད་པ་རེད།
བོད་ནས་མཚན་མ་གསུང་པའི་མི་སྣ་ཞིག་གིས། གནས་ཚུལ་དེ་རྣམས་ཁུངས་ལྡན་ཡིན། བླ་རུང་སྒར་ནས་ཕྱིར་འབུད་བཏང་བའི་གྲྭ་བཙུན་དེ་དག་བཞུགས་ས་སྔོན་ནས་ཁང་པ་ཐོག་བརྩེགས་གཉིས་ཅན་ཞིག་མགོ་ལོག་ཁུལ་དུ་རྒྱབ་ནས་གྲ་སྒྲིག་བྱས་ཡོད་ལུགས་བཤད་བཞིན་འདུག་ཅེས་དང་། ད་དུང་ཁོང་གིས་རྒྱ་ནག་གཞུང་གིས་འདས་པའི་ཟླ་བ་འགའ་ཤས་གོང་ནས་གསེར་རྟ་བླ་རུང་སྒར་ནས་གྲྭ་བཙུན་བརྒྱ་གྲངས་སོ་སོའི་ས་གནས་སུ་ཕྱིར་འབུད་བཏང་དང་གཏོང་བཞིན་པ་རེད།
ད་རེས་ཕྱི་ཚེས་༢༤་ཉིན་མགོ་ལོག་ནས་ཡིན་པའི་གྲྭ་བཙུན་ལྔ་བརྒྱ་ཙམ་ཕྱིར་འབུད་བཏང་བའི་སྐབས་ཁོང་ཚོས་ངུ་འབོད་བྱེད་པའི་པར་དང་བརྙན་པར་སྤྱི་ཚོགས་དྲ་རྒྱའི་ཐོག་ཐོན་པར་མང་ཚོགས་ཀྱིས་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།
*ཞིབ་ཕྲ་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ཀྱིས་བཏང་བའི་གནས་ཚུལ་གོང་གི་དྲ་ཐག་ནས་གསན་རོགས།

གསར་འགོད་པ་ཉི་མ་གཡུ་སྒྲོན།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།