གདུགས་བྷེ་ལགས་འཛིན་བཟུང་བྱས་འདུག

2017-03-20
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
རྒྱ་ནག་གཞུང་གིས་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་སུན་བཙེར་བྱས་བ་མ་བཟོད་པར་ཞི་རྒོལ་བྱས་པ།
རྒྱ་ནག་གཞུང་གིས་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་སུན་བཙེར་བྱས་བ་མ་བཟོད་པར་ཞི་རྒོལ་བྱས་པ།
ཀུན་བཟང་བསྟན་འཛིན། བོད་ནས་བཏང་འབྱོར།

༄༅༎ཟླ་བ་འདིའི་ཚེས་༡༨ཉིན་གྱི་ས་གནས་ཀྱི་ཕྱི་དྲོའི་ཆུ་ཚོད་གསུམ་པ་ཡས་མས་ལ་ཡང་རྔ་བ་རྫོང་ར་རི་ཡུལ་ཚོའི་བུད་མེད་གདུགས་བྷེ་ལགས་ནས་རྔ་བ་རྫོང་གི་དཔའ་བོའི་སྲང་ལམ་ནས་ཞི་བའི་ངོ་རྒོལ་བྱས་ཏེ་འཛིན་བཟུང་བྱས་བ་གནས་ཚུལ་ངོ་མ་ཡིན་ནའང་།ད་ལྟ་གང་དུ་ཡོད་པ་ཤེས་རྟོགས་མེད་ཅེས་ས་གནས་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་བརྗོད་ཡོད་པ་དང་།ཁོང་གིས་གསུང་ན།གདུགས་བྷེ་ཡིས་རྒྱ་ནག་གཞུང་གིས་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་སུན་བཙེར་བྱས་བ་མ་བཟོད་པར་ཞི་རྒོལ་བྱས་པ་དང་།ཁོ་མོ་ནི་ནམ་རྒྱུན་ཀརྟི་དགོན་པའི་སྟོན་པའི་སྐུ་བརྙན་མདུན་ཐང་དུ་ཁོར་ཡུག་གཙང་སྦྲའི་ལས་ཀ་བྱེད་མཁན་ཞིག་ཡིན་པ་དང་།ཁོ་མོའི་བཟའ་ཟླའི་མིང་ལ་བསོད་ནམས་དང་བྱིས་པ་གཉིས་ཡོད་པ་དང་།ཁོ་མོའི་ཨ་ཕའི་མིང་ལ་སྔགས་ཆུང་དང་ཨ་མའི་མིང་ལ་དཔལ་སྐྱིད་ཟེར།སྤྱི་ལོ་༢༠༠༨ལོའི་སྤྱི་ཟླ་༣པའི་ཚེས་༡༦ཉིན་ནི་རྔ་བ་རྫོང་ནས་ཉིན་གཅིག་ལ་བོད་མི་བཅུ་ཁ་ཞིག་ཞི་བའི་ངོ་རྒོལ་སྐབས་རྒྱ་ནག་གི་དམག་མིས་མེ་མདའ་ཕོག་ནས་འདས་གྲོངས་ཕྱིན་པའི་ཉིན་མོ་ཡིན་ཞིང་།ད་ལོ་ནི་རྔ་བའི་གསུམ་གཅིག་དྲུག་དམར་གསོད་དོན་རྐྱེན་བྱུང་ནས་ལོ་དགུ་འཁོར་བ་རེད།ང་ཚོའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ཞིག་གསན་རོགས༎
གསར་འགོད་པ་ཀུན་བཟང་བསྟན་འཛིན།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།