མཚོ་ལྷོ་ཁུལ་གྱི་སློབ་གསོའི་མ་དཔེ་བཅོས་བསྒྱུར་སྐོར་གླེང་བ།

2017-04-15
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
ཕ་སྐྱད་རྒྱལ་གྱུར་ཅིག།
ཕ་སྐྱད་རྒྱལ་གྱུར་ཅིག།
Photo: RFA

ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་ནང་དུ། ཉེ་ལམ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུའུ་ཡི་ཁུལ་ཡོངས་སུ་བཀྲམས་པའི་སློབ་གསོའི་མ་དཔེ་དང་པོ་ནས་གཉིས་པར་བསྒྱུར་དགོས་པའི་བརྡ་སྦྱོར་ཡིག་ཆ་ལས་བསླངས་པའི་དོན་རྐྱེན་དེ་དང་འབྲེལ་ནས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྐད་གཉིས་སློབ་གསོ་དང་ཕ་སྐད་སློབ་གསོ་ལག་ལན་དུ་བསྟར་བའི་གྲུབ་འབྲས། རྣམ་པ་བསྒྱུར་དོན་དེ་སྤུས་ཀ་མཐོར་འདེགས་ཆེད་ཡིན་མིན། གཞི་རྩའི་རྒྱ་གཞུང་གི་མི་རིགས་སྲིད་ཇུས་ཟེར་བའི་རྒྱབ་ཏུ་ཡུབ་པའི་དམིགས་ཡུལ། དེ་བཞིན་ཞི་ཅིན་ཕེང་གི་ཀྲུང་གོ་རྨི་ལམ་དང་། ཀྲུང་ཧྭ་མི་རིགས་ཀྱི་ངོ་བོ་ངོས་འཛིན། མེས་རྒྱལ་ཀྱི་ངོ་བོ་ངོས་འཛིན། ལོ་རྒྱུས་ཀྱི་ངོ་བོ་ངོས་འཛིན་སོགས་རྒྱ་རིགས་ཆེན་པོའི་ལྟ་བས་ཚོས་པའི་རྒྱ་ནག་གཞུང་དམངས་གཉི་ཀའི་མིག་ལམ་ན་བོད་དང་ཡུ་གུར་གྱིས་གཙོས་པའི་གྲངས་ཉུང་མི་རིགས་དང་མི་རིགས་དེ་དག་གི་རིགས་གཞུང་ལ་རིན་ཐང་ག་ཚོད་ཅིག་ཡོད་པ་ལ་སོགས་ཀྱི་ཐད་འབྲེལ་ཡོད་ཆེད་མཁས་པ་རྣམས་དང་མཉམ་དུ་བགྲོ་གླེང་བྱེད་རྒྱུ་ཡིན།

གདན་ཞུ་སྐུ་མགྲོན།
འདི་ག་རླུང་འཕྲིན་ཁང་གི་བསམ་བློ་དཔྱད་གཞི་ལེ་ཚན་གྱི་མདོ་འཛིན་པ་ཀ་བཙུན་བླ་མ་སྐྱབས་ལགས་དང་། ད་ལྟ་ཡོ་རོབ་སི་པན་དུ་བཞུགས་པའི་བཙན་བྱོལ་བོད་མའི་སྒྲིག་འཛུགས་ཕྱི་འབྲེལ་ལས་ཁུངས་རྒྱ་ཡིག་སྡེ་ཚན་གྱི་རྩོམ་སྒྲིག་པ་ཟུར་བ་སངས་རྒྱས་སྐྱབས་ལགས་དང་། ད་ལྟ་ཨོ་སི་ཊི་རེ་ལེ་ཡ་ན་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཞིབ་འཇུག་པ་ཟུར་བ་ཚེ་རིང་རྒྱལ་ལགས་བཅས་གདན་འདྲེན་ཞུས་ཡོད།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།