དཀོན་མཆོག་ཚེ་བརྟན་ནས་རང་སྲེག


2013.12.04
བོད་དོན་ཆེད་རང་སྲེག་གནང་མཁན་དཀོན་མཆོག་ཚེ་བརྟན་ལགས།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བློ་བྷེ།

༄༅།    །ཕྱི་ཚེས་ ༣ ཉིན་བོད་མདོ་སྨད་རྨ་ཆུའི་ཆུ་ཁ་མ་ཡུལ་ཚོའི་རང་ལོ་༣༠ཙམ་ཡིན་པའི་དཀོན་མཆོག་ཚེ་བརྟན་ལགས་ཞུ་བ་ཞིག་གིས་རྔ་པ་རྫོང་དམེ་རུ་མ་ཡུལ་ཚོའི་ཁྲོམ་གཞུང་དུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་འདུག        སྐབས་དེར་ཁོང་གིས་ལུས་སྟེང་དུ་མེ་འབར་བཞིན་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ཅེས་སོགས་སྐད་འབོད་གནང་འདུག    འདིའི་སྐོར་ང་ཚོའི་གསར་འགོད་པ་བློ་བྷེ་ལགས་ཀྱིས་བཞུགས་སྒར་དྷ་རམ་ས་ལ་ནས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།

>>>ཡིག་ཐོག་གསར་འགྱུར།

ཕྱི་ཚེས་༣ཉིན་བོད་མདོ་སྨད་རྨ་ཆུའི་ཆུ་ཁ་མ་ཡུལ་ཚོ་ནས་ཡིན་པའི་རང་ལོ་༣༠ལ་སླེབས་པའི་དཀོན་མཆོག་ཚེ་བརྟན་ལགས་ཞུ་བ་ཞིག་གིས་རྔ་པ་རྫོང་དམེ་རུ་མ་ཡུལ་ཚོའི་ཁྲོམ་གཞུང་དུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་གནང་འདུག

སྐབས་དེར་ཁོང་གིས་སྐུ་གཟུགས་སྟེང་མེ་འབར་བཞིན་དུ།  རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག། རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་དགོས། བོད་མི་གཞིས་བྱེས་མཉམ་འཛོམས་ཡོང་དགོས་ཞེས་སྐད་འབོད་གནང་བཞིན་ཡར་རྒྱུག་མར་རྒྱུག་གནང་ནས་སར་འགྱེལ་ཡོད་སྐོར་རྡ་རམ་ས་ལར་གནས་བཞུགས་ལྷ་མོ་སྐྱབས་ལགས་ཀྱིས་འདི་གར་ངོ་སྤྲོད་གནང་ཡོད།

གོང་ཞུས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དེ་བྱུང་མ་ཐག་རྒྱ་གཞུང་ཉེན་རྟོག་པ་དང་དམག་མི་འབྱོར་ནས་དཀོན་མཆོག་ཚེ་བརྟན་ལགས་བཙན་འཁྱེར་བྱེད་སྐབས།   ས་གནས་བོད་མི་ཚོས་བཀག་འགོག་བྱས་པར་བརྟེན་ཡུལ་མི་དང་ཉེན་རྟོག་པའི་དབར་རྩོད་རྙོག་བྱུང་སྟེ། ས་གནས་བོད་མི་འགའ་ཤས་འཛིན་བཟུང་གིས་མཐར་ཁོང་བཙན་འཁྱེར་བྱས་ཡོད་པ་མ་ཟད། ཁོང་གི་བཟའ་ཟླ་ནམ་སྣང་ལགས་དང་གཉེན་འབྲེལ་འགའ་ཤས་ཀྱང་འཛིན་བཟུང་བཙན་འཁྲིད་བྱས་འདུག།   དེ་རིང་སྔ་དྲོ་ནས་བཟུང་དམེ་རུ་མ་རྫོང་ཐོག་ཏུ་བོད་མིའི་ཚོང་ཁང་དང་ཟ་ཁང་ཡོད་ཚད་སྒོ་བརྒྱབ་བཅུགས་ཡོད་པ་མ་ཟད། སྲང་ལམ་དུ་ཁ་པར་གཏོང་མཁན་ཚོའི་ཁ་པར་རྒྱ་མིའི་ཉེན་རྟོག་པས་བཙན་འཁྲོག་བྱས་པ་སོགས་བོད་མི་ཚོ་སོ་སོའི་ཁྱིམ་ནས་ཕྱིར་ཐོན་མ་བཅུགས་པའི་དམ་བསྒྲཌ་ཤུགས་ཆེ་བྱེད་བཞིན་ཡོད་སྟབས།  དཀོན་མཆོག་ཚེ་བརྟན་ལགས་ཤི་གསོན་ག་རེ་ཆགས་ཡོད་མེད་སྐོར་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
བོད།
གླིང་གེ་སར་རྒྱལ་པོའི་ཟློས་གར་གྱི་འཁྲབ་གཞུང་ཐོག་མ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎