འདན་མའི་བོད་མིའི་ཐོག་མེ་མདའ་བརྒྱབ་འདུག


2014.08.13
འདན་མ་ཡུལ་ཚོ་ཤུག་པ་སྡེ་བའི་སྡེ་དཔོན་དབང་གྲགས་གློད་བཀྲོལ་ཡོང་ཆེད་ས་གནས་བོད་མི་ཞི་རྒོལ་བྱེད་བཞིན་པ།
བོད་ནས་བཏང་འབྱོར།

༄༅༎འདི་ག་རླུང་འཕྲིན་ཁང་ལ་ཁུངས་ལྡན་གྱི་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ཟླའི་ཚེས ༡༡ ཉིན་གྱི་མཚན་མོའི་ཆུ་ཚོད་ ༡༢ ཙམ་ལ་ ས་གནས་ཉེན་རྟོག་པས་དཀར་མཛེས་ཁུལ་སེར་ཤུལ་རྫོང་འདན་མ་ཡུལ་ཚོ་ཤུག་པ་གྲོང་པའི་སྡེ་དཔོན་དབང་གྲགས་ཞུ་བ་ཞིག་འཛིན་བཟུང་བྱས་ཡོད་པའི་རྗེས་ ཚེས་ ༡༢ ཉིན་བོད་མི་བརྒྱ་ཕྲག་ལྷག་ས་གནས་སྲིད་གཞུང་གི་སྒོ་འགྲམ་དུ་འདུ་འཛོམས་བྱས་ཏེ་སྡེ་དཔོན་དབང་གྲགས་ལགས་ལ་ནག་ཉེས་གང་ཡང་མེད་པས་འཕྲལ་དུ་ཀློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་བྱེད་སྐབས་ཉེན་རྟོག་པས་བོད་མིའི་ཐོག་མེད་མདའ་བརྒྱབ་ནས་རྨས་སྐྱོན་ཆེན་པོ་ཕོག་ཡོག་པ་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎
གསར་འགོད་པ་པདྨ་དངོས་གྲུབ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎