
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཡེ་ཤེ་བཀྲ་ཤིས།
༄༅༎ཕྱི་ཟླ་༡༢ཚེས་༡༠རེས་གཟའ་ཟླ་བའི་ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང༌། ༸གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛས་པའི་ཉིན་མོ། དེ་བཞིན་བོད་ནང་བོད་མི་བརྒྱ་ཙམ་ནས་རྒྱ་མིའི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་དང་། བོད་རང་དབང་།དེ་བཞིན་༸གོང་ས་མཆོག་བོད་ལ་གདན་ཞུ་དགོས་པའི་ཆེད་རང་ལུས་མེ་བསྲེགས་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེན་ནིའུ་ཡོརྐ་གྲོང་ཁྱེར་དུ་བྱང་ཨ་རིའི་ས་གནས་གང་ས་ནས་བོད་མི་ལྔ་སྟོང་ཙམ་འདུ་འཛོམས་ཀྱིས་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་འདུག།