ནིའུ་ཛི་ལནེཌ་དུ་རྒྱ་གཞུང་ལ་ངོ་རྒོལ།

ཟླ་བ་འདིའི་ཚེས་༤ཉིན་ནིའུ་ཛི་ལེནཌ་ཁུལ་དུ་ཡོད་པའི་ཚོགས་པ་གསུམ་གྱི་གོ་སྒྲིག་འོག་རྒྱ་ནག་གཞུང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

2012.08.07

༄༅།  །ནིའུ་ཛི་ལེནཌ་New Zealand གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པས་མཚོན་པའི་ཚོགས་པ་གསུམ་གྱི་གོ་སྒྲིག་འོག    རྒྱ་ནག་གཞུང་གིས་བོད་ནང་དབང་འགྱུར་བྱེད་བཞིན་པ་སྤྱི་དང་།    ལྷག་པར་དུ་དེང་སྐབས་རང་ལུས་མེར་སྲེག་གཏོང་མཁན་རྒྱུན་མཐུད་ནས་ཡོང་གི་ཡོད་པ་དེ་ནིའུ་ཛི་ལེནཌ་གཞུང་ལ་ངོ་སྤྲོད་གནང་རྒྱུར་དམིགས་ནས་མི་གྲངས་༧༠    ལྷག་ལྷན་འཛོམས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།    ཞིབ་ཕྲ་ང་ཚོའི་ཨོས་ཊརོ་ལིཡའི་གསར་འགོད་པ་ནོར་བུ་དགྲ་འདུལ་གྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་གྲོངས་བའི་གནས་ཚུལ་དང་འབྲེལ་བོད་ཕྱི་ནང་གཉིས་ནས་ཕངས་སེམས་ཀྱིས་མྱ་ངན་དང་ཁོང་གི་འདས་རྐྱེན་ལ་དོགས་གཞི་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎