ཚེ་བརྟན་ལགས་ཀྱི་ལོ་རྒྱུས།
2011.12.07
༄༅༎ཐེངས་འདིའི་བཙན་བྱོལ་གྱི་མི་ཚེའི་ལེ་ཚན་གྱི་ནང་དུ་ཁམས་འབའ་ཐང་ཁུལ་ལྗོངས་སྨད་ཟེར་བར་༡༩༣༨ལོར་འཁྲུངས་པ་ཚེ་བརྟན་ལགས་ཀྱི་ངག་རྒྱུན་ལོ་རྒྱུས་ལས།ཁོང་དགུང་ལོ་༡༢ཙམ་ལ་སོན་སྐབས་ཁོང་གི་ལུང་པར་རྒྱ་ནག་བཙན་འཛུལ་མཁན་གྱི་དམག་མི་བསླེབས་རྗེས་རྒྱ་མིའི་དམིགས་ཡུལ་ངོ་མ་རིམ་པས་མཐོང་སྟེ།ཁོང་གི་མི་ཚེ་འཇིགས་སྐྲག་ཚ་བའི་རྨ་ལམ་ཅན་དུ་བསྒྱུར་བའི་མཐོང་ཐོས་མྱོང་འགྱུར་གྱི་ལོ་རྒྱུས་འབེན་པ་སྟོབས་རྒྱལ་ལགས་ཀྱིས་ངོ་སྤྲོད་གནང་བར་གསན་རོགས༎









