གསར་འགོད་པའི་ས་མིག་གསལ་བསྒྲགས།

2016-05-19
གློག་འཕྲིན།
མཆན།
Share
པར་བཀོད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
Photo: RFA

ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཊོན་ནང་རྟེན་གཞི་བྱེད་པའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་ཀྲོའུ་ནས་དབུས་སྐད་ཐོག་ལ་གནས་ཚུལ་མཁོ་གཏོང་གནང་མཁན་གསར་འགོད་པ་གཅིག་དགོས་པའི་ས་མིག་གསལ་བསྒྲགས།
དགོས་ངེས་ཆ་རྐྱེན།
༡༽ བོད་སྐད་ལ་བྱང་ཆ་ཡོད་པའི་ཐོག་བོད་ཡིག་གི་ཤེས་ཚད་མཐོ་སློབ་ཐོན་པའམ་ཡང་ན་མཐོ་སློབ་ཀྱི་ཤེས་ཚད་ཡོད་པ་ཁུངས་ལྡན་ར་འཕྲོད་ཐུབ་པ།
༢༽ དབྱིན་ཡིག་དང་། དབྱིན་སྐད། ཡང་ན་རྒྱ་ཡིག་དང་། རྒྱ་དཀར་ནག་གི་སྐད་ཀྱི་ཤེས་ཚད་རང་སྐྱ་འཕེར་ངེས་ཡོད་པ།
༣༽ བོད་ནང་གི་གནས་ཚུལ་ཁུངས་ལྡན་མཁོ་སྒྲུབ་ཐུབ་པ་གཙོ་བོ་གཞིར་བཞག་བོད་ཕྱི་ནང་དང་། རྒྱ་ནག། རྒྱལ་སྤྱིའི་གནས་སྟངས་སོགས་མཁོ་གཏོང་ཆེད་ཤེས་ཚད་གང་ལེགས་ཡོད་པ།
༤༽  དྲང་བདེན་དང༌། ཕྱོགས་ལྷུངས་མེད་པར་ཁྱོན་ཡོངས་ཀྱི་གནས་ཚུལ་མཁོ་སྒྲུབ་བྱེད་ཐུབ་པ།
༥༽ སྲིད་གཞུང་དང་། ཆབ་སྲིད་ཚོགས་པ། ཆོས་ལུགས་སྡེ་ཁག་གང་རུང་དང་མ་འབྲེལ་བར་གསར་འགོད་པའི་ངོ་བོར་གནས་ཐུབ་པ།
༦༽ རང་ཉིད་གནས་ཡུལ་རྒྱལ་ཁབ་ནང་གི་གསར་འགོད་པའི་སྒྲིག་གཞི་ཤེས་རྟོགས་ཡོད་པ།
༧༽ འདྲ་པར་དང༌། བརྙན་འཕྲིན་ཕྱོགས་སྒྲིག་། (Video)བརྙན་པར་། (Video clips)གཏོང་ཐུབ་པ།
༨༽ དེ་སྔ་གསར་འགོད་པའི་ལས་ཀ་བྱས་མྱོང་མཁན་ལ་དམིགས་བསལ་ཡོད།
ལས་འགན།
བལ་ཡུལ་ནང་བྱུང་བའི་བོད་དང་འབྲེལ་བའི་གནས་ཚུལ་གཙོས་བོད་ནང་གི་གནས་ཚུལ་སོགས་རྩད་ཞིབ་བྱས་ཅིང་། ཁུངས་ལྡན་ཡིན་པ། རང་བཞིན་ཅན་གྱི་སྒྲ་དང་རྩད་ཞིབ་བཅར་འདྲི་བྱས་པའི་སྒྲ་པར་དང་། བརྙན་རིགས་སོགས་དུས་ཐོག་ཏུ་གཏོང་ཐུབ་དགོས།
གཞུང་དང་སྒྲིག་འཛུགས་ཁག་གིས་སྤེལ་བའི་དྲིལ་བསྒྲགས་དེ་འདྲ་ཁོ་ནའི་གནས་ཚུལ་མཁོ་སྒྲུབ་བྱས་པ་མིན་པར་མཐོང་རྒྱ་དང་ཐོས་རྒྱ་ལྡན་པའི་ངང་ས་གནས་སོ་སོ་ནས་གནས་ཚུལ་སྣ་ཚོགས་མཁོ་སྒྲུབ་ཐུབ་པ་བཅས་ཡིན་དགོས།
ལས་ཡུན།
ལོ་གཅིག་རིང་ཡིན་ཞིང་ལོ་ལྟར་ཕྱི་ཟླ་དགུ་པའི་མཇུག་ཏུ་གན་རྒྱ་བསྐྱར་གསོ་བྱ་རྒྱུ།
གོང་གསལ་གསར་འགོད་པའི་ལས་ཀ་འདི་བཞིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་ངོ་མ་མིན། ལོ་ལྟར་གན་རྒྱའི་འོག་ལས་ཀ་བྱེད་དགོས།
གོང་གསལ་ས་མིག་ཐོག་ལས་ཀ་བྱེད་འདོད་ཡོད་ཚེ། གཤམ་གསལ་གློག་འཕྲིན་ཁ་བྱང་ཐོག་སློབ་ཐོན་ལག་ཁྱེར་དང། དོ་བདག་གི་ལོ་རྒྱུས། གསར་འགོད་པའི་ལས་ཀ་བྱེད་འདོད་ཡོད་པའི་རྒྱུ་མཚན་དང་། དམིགས་ཡུལ་མདོར་བསྡུས་བཅས་ཕྱི་ལོ་༢༠༡༦་ཕྱི་ཟླ་༧་ཚེས་༢༩་འགྱངས་མེད་གློག་འཕྲིན་ཁ་བྱང། Email: chhonzomd@rfa.org བརྒྱུད་ནས་ངེས་འབུལ་ཡོང་བ་དགོངས་འཇགས་ཞུ།

མཆན། (0)
Share
དྲ་གནས་ཆ་ཚང༌།