འཚམས་འདྲི་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ།
2014.07.08
༄༅༎དེ་རིང་གི་གཏམ་གླེང་ཞལ་པར་གྱི་ལེ་ཚན་ནང་དུ། སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས་ཆོས་ལུགས་མཐུན་སྒྲིལ་དང་དུས་རབས་༢༡འདི་འཚེ་བ་མེད་པའི་བྱམས་བརྩེའི་ དུས་རབས་ཡོང་རྒྱུར་འབད་བརྩོན་དང་དཀའ་ངལ་འཕྲད་སྐབས་འཚེ་བ་མེད་པའི་ཐབས་ལམ་ དགོས་སྐོར་སོགས་བཀའ་སློབ་གནང་བ་ཁག སྒྲོལ་དཀར་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས༎
གསར་འགོད་པ་སྒྲོལ་དཀར།