མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གོ་སྒྲིག་སྐུའི་གྱ་སྟོན་རོལ་རྒྱུ།


2015-04-24
Share
མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གོ་སྒྲིག་སྐུའི་གྱ་སྟོན་རོལ་རྒྱུ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག།
༸དཔལ་ལྡན་སྐུ་སྒེར་དྲ་གནས།

༄༅༎ཐེངས་འདིའི་གངས་ལྗོང་གླེང་སྟེགས་ཞེས་པའི་ཆེད་སྒྲིག་ལེ་ཚན་ནང་། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གོ་སྒྲིག་བྱས་ནས། ད་ལོའི་སྤྱི་ཟླ་དྲུག་པའི་ཚེས ༢༡ ནས་ཉིན་གསུམ་རིང་༧གོང་ས་མཆོག་གི་སྐུའི་གྱ་སྟོན་གྱི་དགའ་སྟོན་ལ་རོལ་རྒྱུ་ཡིན་པ་རེད། དེ་རིང་ལེ་ཚན་འདིའི་ནང་སྐུའི་གྱ་སྟོན་གོ་སྒྲིག་བྱེད་ཕྱོགས་དང་། ལས་རིམ་སོགས་ཀྱི་ཐད།   སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་མཁྱེན་རབ་ལགས་དང་།  དགེ་ལུགས་ཡོངས་ཀྱི་རྒྱལ་བ་ཞབས་བརྟན་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གི་ཚོགས་གཞོན་།  དགེ་ལུགས་སྤྱི་དགེ་བཤེས་རོང་བོ་བློ་བཟང་སྙན་གྲགས་།   དེ་བཞིན་ཨ་རིའི་ནང་སྐུའི་གྱ་སྟོན་གྱི་འབྲེལ་མཐུད་པ་ཀ་བཙན་བླ་མ་སྐྱབས་བཅས་དང་མཉམ་དུ་དཔལ་ལྡན་རྒྱལ་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ༎

གསར་འགོད་པ་དཔལ་ལྡན་རྒྱལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།