༸གོང་ས་མཆོག་ནས་ལྷོ་ཨ་ཧྥི་རི་ཁའི་སྲིད་འཛིན་རཱ་མ་ཧྥོ་ས་བསྐྱར་དུ་སྲིད་འཛིན་དུ་འདེམས་ཐོན་བྱུང་བར་འཚམས་འདྲི་མཛད་པ།

2024.06.18
༸གོང་ས་མཆོག་ནས་ལྷོ་ཨ་ཧྥི་རི་ཁའི་སྲིད་འཛིན་རཱ་མ་ཧྥོ་ས་བསྐྱར་དུ་སྲིད་འཛིན་དུ་འདེམས་ཐོན་བྱུང་བར་འཚམས་འདྲི་མཛད་པ།
Photo: RFA

ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༦ ཚེས་ ༡༨ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། ལྷོ་ཨ་ཧྥི་རི་ཁའི་ལས་ཐོག་སྲིད་འཛིན་སྐུ་ཞབས་ (Cyril Ramaphosa) མཆོག་བསྐྱར་དུ་ཡུལ་དེའི་སྲིད་འཛིན་དུ་བདམས་ཐོན་བྱུང་བར་འཚམས་འདྲིའི་གསུང་འཕྲིན་ཞིག་ཞིག་སྩལ་གནང་སྟེ། སྲིད་འཛིན་ལ་བསྐྱར་དུ་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་དང་། མ་འོངས་པར་ཉིད་ཀྱི་དབུ་ཁྲིད་འོག་རྒྱལ་ཁབ་དར་ཞིང་མི་མང་བདེ་སྐྱིད་ཡོང་བའི་རེ་སྨོན་ཡོད་ཅེས་གསུངས་འདུག 

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་ནང་། ལྷོ་ཨ་ཧྥི་རི་ཀའི་ནང་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་སྲིད་བྱུས་མཇུག་སྒྲིལ་བ་ནས་བཟུང་། ཡུལ་དེ་མང་གཙོའི་རྒྱལ་ཁབ་བརྟན་པོ་ཞིག་ཆགས་ཡོད་པ་མ་ཟད། མི་རིགས་སྣ་མང་འདུས་པའི་སྤྱི་ཚོགས་ཤིག་དང་། རིག་གཞུང་དང་སྐད་ཡིག་ཆོས་ལུགས་བཅས་སྣ་ཚོགས་པ་མཉམ་གནས་བྱས་ཡོད་པ་དེ། གཞན་གྱི་མིག་དཔེ་བལྟ་སའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་པ་གསུངས་འདུག 

མཇུག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། སྐུ་ཞབས་ར་མ་ཧྥོ་ས་ (Cyril Ramaphosa) མཆོག་གི་དབུ་ཁྲིད་འོག་རྒྱལ་ཁབ་དེ་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བ་དང་། ཁོང་ནས་དམིགས་བསལ་ཉམས་ཞན་པའི་མི་མང་གི་འཚོ་བ་ཡར་རྒྱས་སུ་གཏོང་བར་འབད་བརྩོན་གནང་རྒྱུའི་རེ་བ་དང་། ངོས་ནས་སྐུ་ཉིད་ཀྱི་ལས་ཡུན་རིང་ཡོང་རྒྱུ་བསྡད་པའི་དཀའ་ཁག་ལ་གདོང་ལེན་དང་། གོ་སྐབས་དམ་འཛིན་གྱིས་ལྷོ་ཨ་ཧྥེ་རི་ཁ་རྒྱལ་ཁབ་ཀྱིཾ་མི་མང་གཙོས་འཛམ་གླིང་ཡོངས་ཀྱི་བདེ་སྐྱིད་གོང་འཕེལ་གཏོང་ཐུབ་པའི་སྨོན་འདུན་ཡོད་ཅེས་གསུངས་འདུག 

ལྷོ་ཨ་ཧྥ་རི་ཁའི་སྲིད་འཛིན་སྐུ་ཞབས་ (Cyril Ramaphosa) ལགས་ནི་ཡུལ་དེའི་སྲིད་འཛིན་ཐེངས་ ༥ པ་དེ་ཡིན་པ་དང་། དེ་སྔ་ཡུལ་དེའི་སྲིད་འཛིན་ (Jacob Zuma) ལགས་སུ་ལྐོག་ཟ་སོགས་ཀྱི་གནད་དོན་རྐྱེན་པས་སྲིད་འཛིན་ལས་གནས་ནས་དགོངས་པ་ཞུས་རྗེས། ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་རཱ་མ་ཧྥོ་ས་ལགས་སྲིད་འཛིན་དུ་བདམས་ཐོན་བྱུང་ཡོད་པ་དང་། འདི་ལོ་ཡང་བསྐྱར་དུ་ཁོང་ཡུལ་དེའི་སྲིད་འཛིན་དུ་བདམས་ཐོན་བྱུང་ཡོད་པ་རེད།

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་པདྨ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་ཁྲིམས་ཁང་གིས་རྒྱ་ནག་གི་ཚོང་པ་འབྱོར་ལྡན་པ་ཀོ་ཝུན་ཀའེ་ལ་ནག་ཉེས་ཡོད་པ་བསྒྲགས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎