ཕྱི་ལོར་༧གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་འབུལ་འཆར།

2014-07-28
གློག་འཕྲིན།
མཆན།
Share
པར་བཀོད།

ཕྱི་ལོར་༧གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་འབུལ་རྒྱུའི་གོ་བསྒྲིགས་ཞུས་ཡོད་པའི་སྐོར་གསལ་འགོད་ལྷན་ཚོགས།
ཕྱི་ལོར་༧གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་འབུལ་རྒྱུའི་གོ་བསྒྲིགས་ཞུས་ཡོད་པའི་སྐོར་གསལ་འགོད་ལྷན་ཚོགས།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། འཇིགས་མེད་སྙན་གྲགས།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལོ་རྗེས་ མའམ་ཕྱི་ལོ་༢༠༡༥་ལོར་དགུང་གྲངས་༨༠་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོཌ་དང་མདོ་སྨད་ཆོལ་ཁ་བཅས་དང་མཉམ་འབྲེལ་སྒོ་ནས། ༧མགོན་པོ་གང་ཉིད་ལ་བརྟན་བཞུཌ་རྒྱས་པ་ཞིག་འདེགས་འབུལ་ཞུ་རྒྱུ་ཡིན་སྐོར། དེ་རིང་བཞུཌ་སྒར་རྡ་རམ་ས་ལར་གསར་འགོད་ལྷན་ཚོགས་ཤིག་སྐོང་འཚོཌ་གནང་ནས་གསལ་བསྒྲགས་གནང་འདུག།  དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་དོན་གྲུབ་རྡོ་རྗེ་ལཌ་ཀྱིས་གསར་འགོད་ལྷན་ཚོཌ་དེའི་ཐོག་གསུངས་དོན།  ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་༢༠༡༥་ལོར་དགུང་གྲངས་༨༠་ ཕེབས་པའི་གལ་ཆེའི་དུས་ཚེས་དེར། ༧མགོན་པོ་གང་ཉིད་ནས་བོད་མིའི་འཐབ་རྩོད་དང་ཀུན་ཁྱབ་རིན་ཐང་སོགས་ལ་གཞལ་ཟླ་བྲལ་བའི་ལེགས་སྐྱེས་སྩལ་གནང་ལ་བཀྲིན་རྗེས་དྲན་དང་གུས་བརྩི་ཞུ་ཕྱིར། ༧གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་གོ་སྒྲིག་ཞུ་རྒྱུ་ཡིན་སྐོར་དང་ཐོག་མར་གོང་ཞུས་ཚོགས་པ་གསུམ་སོ་སོ་སྒེར་ངོས་ནས་བརྟན་བཞུཌ་བསྟར་འབུལ་ཞུ་རྒྱུའི་སྙན་སེང་ཞུས་ན་ཡང་སྤྱི་མཐུན་གྱི་སྨོན་ལམ་འགྱུར་ཆེ་བ་དང་ནུས་པ་ཆེ་བ་ཡོང་ཕྱིར་ཆོས་རིག་ལས་ཁུངས་ཀྱིས་ཚོཌ་པ་གསུམ་མཉམ་འབྲེལ་སྒོ་ནས། ༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་གོ་བསྒྲིགས་ཞུས་སྐོར་གསལ་བཤད་གནང་འདུག།  གསར་འགོད་གསལ་བསྒྲགས་དེའི་ཐོག་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོཌ་ཀྱི་སྐུ་ཚབ་རྣམ་གྲ་ཕན་བདེ་ལེགས་བཤད་གླིང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དང་། མདོ་སྨད་ཆོལ་ཁའི་ཚོཌ་གཙོ་བསྟན་པའི་དངོས་གྲུབ་ལཌ་ཀྱང་ཆེད་ཕེབས་ཀྱིས་འབྲེལ་ཡོད་གནས་ཚུལ་སྐོར་གསུངས་འདུག།   སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལུཌ་ལྟར་ཕྱི་ལོ་༢༠༡༥་ལོའི་ཕྱི་ཟླ་༦་ ཚེས་༢༢་ཉིན་དགུང་གྲངས་༨༠་ཕེབས་པའི་སྐུའི་འཁྲུངས་དུས་ཆེན་ཉིན་གོང་ཞུས་ཚོཌ་པ་གསུམ་མཉམ་འབྲེལ་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུའི་དུས་ཚེས་གཏན་འབེབས་གནང་འདུག།

གསར་འགོད་པ་བསོད་ནམས་ལྷ་མོ།

འབྲེལ་ཡོད་གནས་ཚུལ་འདི་གའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་ས་གནས་ནས་བཏང་བར་གསན་རོགས༎

 

གསར་འགོད་པ་བསྟན་འཛིན་དབང་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།