ནང་པའི་གཞུང་ལུགས་ལ་བསླབ་པ་སློབ་གཉེར་བྱེད་རྒྱུ་གལ་ཆེན་ཡིན།


2019.08.24
ནང་པའི་གཞུང་ལུགས་ལ་བསླབ་པ་སློབ་གཉེར་བྱེད་རྒྱུ་གལ་ཆེན་ཡིན། ༧གོང་ས་མཆོགནས་དེང་སྐབས་འཛམ་གླིང་གི་ནང་པའི་རྒྱལ་ཁབ་ཡོངས་རྫོགས་ཀྱི་ནང་ལ་ཚད་མ་རིག་པའི་ལམ་ནས་སངས་རྒྱས་ཀྱི་ཆོས་ལུགས་དེ་གཏན་ལ་དབབ་རྒྱུ་ཡོད་པ་དེ་བོད་གཅིག་པུ་ཡིན་སྐོར་བཀའ་སྩལ་བ།
དགའ་ལྡན་ཕོ་བྲང༌།

ཕྱི་ཚེས་༢༣ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འོན་མངའ་རིས་གྲྭ་ཚང་གི་མཁན་པོ་བློ་བཟང་བསམ་གཏན་མཆོག་གི་ཕེབས་རོགས་འོག་གྲྭ་ཚང་གི་འདུ་ཁང་གསར་པར་གནས་གཟིགས་དང་དེ་བཞིན་ཚོགས་པ་ཁག་དང་རྒན་རྒོན་ཁག་ཅིག་ལ་བཀའ་སློབ་སྩལ་ཡོད་པའི་ཁར་། གྲྭ་ཚང་གི་དགེ་འདུན་པ་ཚོའི་སྟག་གསལ་ལ་གཟིགས་ཞིབ་གནང་བའི་རྗེས་། འོན་མངའ་རིས་གྲ་ཚང་གི་མཁན་པོས་དབུས་པའི་དགེ་འདུན་འདུས་མང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་དེའི་སྐབས་༧གོང་ས་མཆོག་གིས་དགེ་མང་དང་དད་ལྡན་མང་ཚོགས་ཚོར་བཀའ་སློབ་བཀའ་འདྲིན་སྩལ་བའི་སྐབས་། ནང་པའི་གཞུང་ལུགས་ལ་བསླབ་པ་སློབ་གཉེར་བྱེད་རྒྱུ་གལ་ཆེན་ཡིན་ཞིང་། ལྷག་པར་དུ་དེང་སྐབས་འཛམ་གླིང་གི་ནང་པའི་རྒྱལ་ཁབ་ཡོངས་རྫོགས་ཀྱི་ནང་ལ་ཚད་མ་རིག་པའི་ལམ་ནས་སངས་རྒྱས་ཀྱི་ཆོས་ལུགས་དེ་གཏན་ལ་དབབ་རྒྱུ་ཡོད་པ་དེ་བོད་གཅིག་པུ་ཡིན་ཞིང་། མི་མང་ལ་ཡང་བློ་རིག་གི་ཐོག་ནས་སེམས་ཁམས་རིག་པ་དེ་སློབ་ཁྲིད་བྱས་པ་ཡིན་ན་ཆོས་དད་མེད་མཁན་ཚོར་ཡང་ཕན་ཐོགས་ཡོད་པའི་ཁར་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་སྐྲུན་པར་དགོས་གལ་ཆེན་པོ་ཡིན་པ་བཀའ་གནང་འདུག ཞིབ་ཕྲ་གཤམ་ལ་བློ་བཟང་དགེ་ལེགས་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད་།།

གསར་འགོད་པ་བློ་བཟང་དགེ་ལེགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎