ཤར་ཁུམ་སློབ་ཕྲུག་ཁག་ཅིག་ལ་དམིགས་བསལ་བཀའ་སློབ།

2020-01-27
གློག་འཕྲིན།
མཆན།
Share
པར་བཀོད།
༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐབས་ལ་ནང་ཆོས་ལ་སློབ་སྦྱོང་བྱེད་དགོས་གལ་སྐོར་པ་བཀའ་སློབ་བསྩལ་འདུག
༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐབས་ལ་ནང་ཆོས་ལ་སློབ་སྦྱོང་བྱེད་དགོས་གལ་སྐོར་པ་བཀའ་སློབ་བསྩལ་འདུག
དགའ་ལྡན་ཕོ་བྲང༌།

༄༅༎༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བལ་ཡུལ་ཤར་ཁུམ་སློབ་ཕྲུག་ཁག་ཅིག་ལ་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐབས་ལ་ནང་ཆོས་ལ་སློབ་སྦྱོང་བྱེད་དགོས་གལ་སྐོར་ལ་བཀའ་སློབ་བསྩལ་འདུག བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་ཕྱི་ཟླ་༡ཚེས་༢༧ཉིན་བལ་ཡུལ་ཤར་ཁུམ་རྣམ་ཆེ་ནས་ཡིན་པའི་སློབ་ཕྲུག་ཁག་ཅིག་ལ་མཇལ་ཁའི་སྐབས་ནང་སེམས་ཀྱི་ཞི་བདེ་སྐྲུན་ཐབས་ཆེད་དུ་དེང་དུས་ཤེས་ཐོག་ནང་ཆོས་ལ་སློབ་སྦྱོང་བྱེད་དགོས་པ་དེ་གལ་ཆེན་པོ་ཡིན་པ་མ་ཟད་བོད་མི་རིགས་སྤོ་པ་སྐྱེས་འོས་པའི་བོད་པའི་ཆོས་དང་རིག་གཞུང་སྟིང་ཟབ་ཡོད་པ་དེའི་ཐོག་དོ་སྣང་བྱེད་དགོས་པ་དེ་ཧ་ཅནང་གལ་ཆེན་པོ་ཡིན་པའི་སྐོར་བཀའ་སློབ་ལྟར་སྩལ་གནང་མཛད་འདུག  སློབ་ཕྲུག་སྣེ་ཁྲིད་བྱེད་མཁན་ཚེ་རིང་དགྲ་འདུལ་ལགས་ཀྱིས་ད་རེས་སློབ་ཕྲུག་ཚོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་དང་བཀའ་སློབ་ཕེབས་པ་འདི་ཧ་ལས་པས་སྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་ཞུ་གི་ཡོད་པ་གསུངས་གནང་གི་འདུག  ཡང་ཁོང་གིས་སློབ་ཕྲུག་ཚོ་བོད་དང་བལ་ཡུལ་ས་མཚམས་ཤར་ཁུམ་རྣམ་ཆེ་ས་གནས་ནང་ཡོད་པའི་ཤ་རི་ཧི་མ་ལ་ཡ་གཞི་རིམ་སློབ་གྲྭ་ནས་ཡིན་ཅིང། ཉམ་ཐག་ཕྲུག་གུ་མང་མོ་ཞིག་སོ་སོའི་ནང་ནས་སློབ་གྲ་ཐག་རིང་པོ་ཡོང་དགོས་ཀྱི་ཡོད་སྟབས་། ཁོང་ཚོའི་དཀའ་ངལ་སེལ་སླད་ངས་སློབ་ཕྲུག་ཚོའི་ཆེད་དུ་སྡོད་ཁང་ཞིག་བཙུགས་པ་ཞིག་ཡིན་པ་གསུངས་གནང་གི་འདུག  མཇལ་བཅར་ཁོང་སློབ་མ་སྒྲོལ་མ་ཤར་པ་ལགས་ཀྱིས་ད་རེས་གོང་ས་སྐྱབས་མགོན་ཆེན་པོ་མཅོག་གི་མཇལ་ཁ་ཐོབ་པ་དེ་ང་རང་ལ་སྨིན་ལམ་ལྟ་བུ་ཞིག་ཆགས་སོང་། ང་རང་བོད་ནམས་ཆེན་པོ་ཡིན་དྲན་གི་འདུག། གོང་ས་མཆོག་གིས་ནང་སེམས་ལ་ཞི་བདེ་སྐྲུན་ཐབས་ཆེད་དུ་ནང་ཆོས་ལ་སློབ་གཉེར་བྱེད་པའི་སྐོར་བཀའ་སློབ་ཕེབས་པ་སེམས་ལ་བཞག་གི་ཡིན་ཅེས་བརྗོད་བྱུང།  ཚེ་རིང་དགྲ་འདུལ་ལགས་ཀྱི་ཉམ་ཐག་སྡོད་ཁང་འདི་༢༠༡༠ལོར་བཙུགས་པའི་སྐབས་སློབ་ཕྲུག་བཅ་ལས་མེད་ཀྱང་ད་ལྟའི་ཆར་སློབ་ཕྲུག་༧༥་ཡོད་པ་དང་། དེའི་ཐོག་ལ་བལ་ཡུལ་གཞུང་གི་རོགས་རམ་གང་ཡང་མེད་སྐོར་འགྲེལ་བརྗོད་གནང་འདུག  ཚེ་རིང་དོན་ཁོང་རང་མ་སུ་རི་གཏན་སློབ་ཀྱི་སློབ་ཟུར་ཞིག་ཡིན་འདུག་པ་དང་། ཁོང་རང་སློབ་གྲྭའི་སྐབས་སུ་ཕྱི་རྒྱལ་རོགས་རམ་བྱེད་མཁན་བྱུང་མྱོང་ཡོད་པར་སོིང་། རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་བཀའ་དྲིན་སབ་ཆེད་དུ་ཤར་པའི་མི་རིགས་ཚོ་ནི་སྐད་དང་རིག་གཞུང་ཐོག་བོད་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་སྟབས་རང་ངོས་ཁོང་ཚོར་རོགས་རམ་ཞུ་བཞིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག།

གསར་འགོད་པ་ཨོ་རྒྱན་བསྟན་འཛིན།

མཆན། (0)
Share
དྲ་གནས་ཆ་ཚང༌།