སངས་རྒྱས་ཀྱི་བསྟན་པ་ཡུན་རིང་གནས་པར་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཐོག་འགྲོ་དགོས།

2018-12-19
གློག་འཕྲིན།
མཆན།
Share
པར་བཀོད།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀིརྟི་སྒར་བསམ་ཡས་གླིང་དུ་བཀའ་སློབ་སྩལ་བ།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀིརྟི་སྒར་བསམ་ཡས་གླིང་དུ་བཀའ་སློབ་སྩལ་བ།
དགའ་ལྡན་ཕོ་བྲང༌།

༄༅༎རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་གྱི་ཀིརྟི་སྒར་བསམ་ཡས་གླིང་དུ།  ཟླ་བ་༡༢ཚེས་༡༩ནས་༢༡བར་ཉིན་གྲངས་གསུམ་རིང་། ཀིརྟི་བྱེས་པ་གྲྭ་ཚང་དང་ཀིརྟིའི་དགེ་རྩ་ཚོགས་པ་ཐུན་མོང་གིས་གོ་སྒྲིག་ཞུས་པའི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ལ་ཆོས་བརྒྱུད་དང་། སེར་སྐྱ་ཕོ་མོ་རིས་མེད་ཀྱི་མཁས་པའི་བགྲོ་གླེང་ཆེན་མོ་ཐེངས་དང་པོ་དེ་དབུ་འཛུགས་གནང་ཡོད་པ་དང་། ཐེངས་འདིའི་ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་༸ཞབས་སོར་འཁོད་ནས་མཁས་པའི་བགྲོ་གླེང་ཚོགས་འདུ་འདིར་ཆེད་དུ་ཕེབས་པའི་མཁས་དབང་དང་སློབ་གཉེར་པ་སོགས་བགྲོ་གླེང་པ་ཡོངས་ལ་ལམ་སྟོན་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད།

ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། ང་རང་ཚོའི་བོད་ཀྱི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དེ་རྒྱ་ཆེ་གཏིང་ཟབ་ཡིན་པ་དང་གཙོ་ཆེ་ཤོས་ཆོས་གཏིང་ཟབ་མོ་དེ་དག་ལ་སྐྱབས་སུ་ཆེ་ཞུས་པ་ཙམ་མིན་པར་སློབ་སྦྱོང་བྱེད་དགོས་སྐོར་བཀའ་སྩལ་ཡོད་པ་རེད།

མཐའ་མཇུག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། ཨུ་རུ་སུ་ས་ཁུལ་དེ་བཞིན་ཕ་མེས་ནས་ནང་པའི་རྒྱལ་ཁབ་ཞིག་ཆགས་ཀྱི་ཡོད་པ་དང་ཉེ་ལམ་ཨུ་རུ་སུའི་ནང་གི་གཙུག་ལག་སློབ་གཉེར་ཁང་གི་མཚན་རིག་པའི་སྡེ་ཚན་དང་གདན་ས་གསུམ་བཙོ་བོར་འགྱུར་པའི་ནང་པའི་མཁས་དབང་དབར་འབྲེལ་བ་བྱུང་ཡོད་པ་དེ་མུ་མཐུད་ནས་གནས་ཐབས་བྱ་རྒྱུ་དེ་གནད་

འགག་ཆེན་པོ་ཡིན་སྐོར་བཀའ་སྩལ་ཡོག་པ་རེད།

ཡང་ད་རེས་ཀྱི་མཛད་སྒོའི་ཐོག་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་ཐེངས་འདིའི་མཁས་པའི་བགྲོ་གླེང་ཆེན་མོའི་བྱུང་རིམ་གྱི་ངོ་སྤྲོད་དང་འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ནས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་དྲང་ངེས་ལེགས་བཤད་སྙིང་པོའི་གལ་གནད་སྐོར་བཀའ་སློབ་གནང་ཡོད་པ་རེད།།

གསར་འགོད་པ་པ་སངས་ཚེ་རིང༌།

མཆན། (0)
Share
དྲ་གནས་ཆ་ཚང༌།