འཛམ་བུ་གླིང་ནང་མིའི་བསམ་བློ་ཡར་རྒྱས་འགྲོ་བཞིན་པ།
2017.10.06
༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དྷ་རམ་ས་ལར་བསྩལ་བཞིན་པའི་གསུང་ཆོས་ཀྱི་ཉིན་གསུམ་པའི་ཐོག་ཉི་ཧོང་དང་འཇར་མན་གཉིས་ལ་དམག་འཁྲུག་གི་གནོད་འཚེ་བྱུང་ཡང་དགྲ་ལ་འཁོན་འཛིན་གྱི་རྣམ་པ་མེད་པ་ནི་བསམ་བློ་ཡར་རྒྱས་ཕྱིན་པའི་རྟགས་ཡིན་སྐོར་བཀའ་གནང་འདུག དེའི་སྐོར་ང་ཚོའི་ས་གནས་གསར་འགོད་པ་བློ་བྷེ་ལགས་ཀྱིས་བཏང་བའི་གནས་ཚུལ་ཞིག་དང་། དེ་རིང་ཕྱི་ཚེས་༦ཆོས་འབྲེལ་གྱི་ཉིན་ཐ་མའི་ཐོག་༸གོང་ས་མཆོག་ནས་བཀའ་སློབ་གནང་སྐབས། གསུང་ཆོས་ཞུ་རྗེས་ད་ནས་བཟུང་མི་ཚེ་འགྱུར་བ་ཐེབས་པ་ཞིག་བྱེད་དགོས་པའི་ལམ་སྟོན་གནང་འདུག དེའི་སྐོར་སངས་རྒྱས་རྡོ་རྗེ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།