རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་ཞི་མོལ་གནང་དགོས་བ་ཨ་མི་རི་ཀས་སྐུལ་མ་གནང་འདུག


2020.09.03
ཨ་རིའི་ཕྱི་སྲིད་དྲུང་ཆེ་(Mike Pompeo)་མཆོག ༢༠༢༠།༩།༢ ཨ་རིའི་ཕྱི་སྲིད་དྲུང་ཆེ་(Mike Pompeo)་མཆོག ༢༠༢༠།༩།༢
AFP

རྒྱ་ནག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ཞི་མོལ་གནང་དགོས་པ་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་སྐུལ་མ་གནང་པ་དང་སྦྲགས་རྒྱ་དཀར་ནག་བར་གྱི་རྩོད་རྙོག་དེ་ཞི་འགྲིག་གི་ལམ་ནས་སེལ་ཐུབ་པའི་རེ་བ་གནང་འདུག
དེ་ཡང་རོ་ཨི་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཟླ་དགུ་པའི་ཚེས་གཉིས་རེས་གཟའ་ལྷག་པའི་ཉིན། ཨ་རིའི་ཕྱི་སྲིད་དྲུང་ཆེ་(Mike Pompeo)་མཆོག་གིས། ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་གསར་འགོད་ལྷན་ཚོགས་ཞིག་སྐོང་ཚོགས་གནང་བའི་ཐོག ཉེ་ཆར་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཡིས་བོད་བརྒྱུད་ནང་ཆོས་དེ་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་ངོ་བོར་བསྒྱུར་དགོས་ལུགས་དང་། ཁ་བྲལ་རིང་ལུགས་ལ་གདོང་ལེན་ཁ་གཏད་གཅོག་དགོས་པའི་གཏམ་བཤད་བྱས་པ་སོགས་ཀྱི་ཐད། ཨ་རིའི་ངོས་ནས་བློ་ཚབས་བྱེད་བཞིན་ཡོད་ལ། ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་བོད་རྒྱའི་བར་མི་མཐུན་པའི་གནད་དོན་ཞི་འགྲིག་ཡོང་རྒྱུར། རྒྱ་ནག་གཞུང་གིས་བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་དང་།་ཡང་ན་ཁོང་གི་སྐུ་ཚབ་ལྷན་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་གྲོས་མོལ་ཞུ་དགོས་པའི་སྐུལ་མ་མུ་མཐུད་གནང་གི་ཡོད་ཅེས་གསལ་བཏོན་གནང་འདུག
གཞན་ཡང་གོང་གསལ་གསར་འགོད་ལྷན་ཚོགས་དེའི་སྐབས། ཕྱི་སྲིད་དྲུང་ཆེ་མཆོག་གིས་ཨ་རིའི་ངོས་ནས་རྒྱ་གར་དང་རྒྱ་ནག་བར་བྱུང་བཞིན་པའི་ས་མཚམས་ཀྱི་དཀའ་རྙོག་དེ་ཞི་བའི་ལམ་ནས་སེལ་ཐབས་ཡོང་བའི་རེ་བ་གནང་གི་ཡོད་པ་ཡང་གསུང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
བོད་སྐད་སྡེ་ཚན།
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱ་ནག་ནི་དམིགས་བསལ་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་ཏུ་ངོས་འཛིན་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎