རྒྱ་ནག་ནི་ཡོ་རོབ་ཡུལ་ཁག་གི་ཁ་གཏད་ལ་ངོས་འཛིན་བྱས་འདུག

2019-03-13
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་དང་ཡོ་རོབ་མཉམ་སྦྲེལ་གྱི་དར་ཆ།
རྒྱ་ནག་དང་ཡོ་རོབ་མཉམ་སྦྲེལ་གྱི་དར་ཆ།
AP

ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་རྒྱ་ནག་ཐོག་གི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་འགྱུར་བ་བཏང་ནས་ཡོ་རོབ་ཡུལ་ཁག་གི་ཁ་གཏད་ལ་ངོས་འཛིན་བྱས་འདུག
རྒྱ་ནག་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དབར་ཚོང་འབྲེལ་གྱི་དཀའ་རྙོག་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་ལའང་འགྱུར་བ་བཏང་ནས་ད་ལན་ཐེངས་དང་པོར་རྒྱ་ནག་ནི་ཡོ་རོབ་ཡུལ་ཁག་གི་གོ་རིམ་དང་ལྡན་པའི་ཁ་གཏད་ཞིག་ཡིན་པ་བཤད་འདུག
དེ་ཡང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་དང་ལྷན་དུ་འབྲེལ་བ་བྱ་ཕྱོགས་ཀྱི་འཐུབ་ཇུས་གྲོས་འཆར་བཅུ་བཏོན་ཡོད་པ་དང་། དེ་བཞིན་ཡོ་རོབ་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ནས་ཨི་ཊཱ་ལི་ལྟ་བུའི་རྒྱལ་ཁབ་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་གི་བརྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་ཐོག་ཧ་ཅང་འཁྱོག་བཞིན་བའི་སྐྱོན་བརྗོད་བྱས་འདུག
རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་ཞེས་པའི་དམིགས་ཡུལ་གཅིག་ནི་རྒྱ་ནག་གི་ཚོང་འབྲེལ་དེ་ཨེ་ཤེ་ཡ་ནས་ཡོ་རོབ་བར་རྒྱ་བསྐྱེད་གཏོང་རྒྱུའི་འཛུགས་བསྐྲུན་གྱི་ལས་འཆར་སྤེལ་རྒྱུ་དེ་ཡིན་པ་རེད།
རྒྱུན་དུ་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་རྒྱ་ནག་དང་འབྲེལ་བ་བྱེད་སྐབས་ཞི་འཇམ་ཐབས་མཁས་ཀྱི་སྲིད་ཇུས་ལངས་ཕྱོགས་ཞིག་འཛིན་གྱི་ཡོད་ཀྱང་ད་ཆ་ཁ་ཕྱོགས་འགྱུར་ནས་རྒྱ་ནག་དེ་དཔལ་འབྱོར་གྱི་འགྲན་ཡ་དང་འཕྲུལ་རིག་ལག་རྩལ་གྱི་ཐོག་སྣེ་ཁྲིད་ཀྱིས་འཛིན་སྐྱོང་ལམ་ལུགས་མི་འདྲ་བ་ཞིག་གོང་སྤེལ་གཏོང་ཐབས་དང་། ཡོ་རོབ་མཉམ་འབྲེལ་ཚོགས་པའི་རྩ་འཛུགས་ལ་ཁ་གཏད་བྱ་མཁན་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་འདུག
ཡོ་རོབ་སྒྲིག་འཛུགས་ཀྱི་རྒྱ་ནག་ཐོག་གི་ལངས་ཕྱོགས་མཁྲེགས་པོ་བཟུང་བའི་སྲིད་ཇུས་དེ་(France)དང་(Germany)་གཉིས་ཀྱིས་ཡོ་རོབ་བཟོ་ལས་ཁང་གི་ཐབས་ཇུས་སྲུང་སྐྱོབ་བྱ་རྒྱུའི་འཆར་གཞི་བཏོན་བཞིན་པ་དང་འབྲེལ་བ་ཆགས་ཡོད་པར་གནད་དོན་དབྱེ་ཞིབ་པ་ཚོས་ཡིད་ཆེས་བྱེད་བཞིན་ཡོད་ཅིང་།  ཐབས་ཇུས་དེའི་རྒྱབ་ཏུ་འཇར་མན་གྱིས་ཤུགས་རྐྱེན་ཆེན་པོ་ཡོད་པ་བརྗོད་བཞིན་ཡོད་པ་རེད།
མི་ལོ་བཅུ་ཕྲག་གཅིག་ཙམ་གོང་རྒྱ་ནག་གི་དཔལ་འབྱོར་དང་། ཆབ་སྲིད་ཀྱི་ཤུགས་རྐྱེན་མགྱོགས་ཚད་ཧ་ཅང་མྱུར་པོའི་ཐོག་ནས་ཆེ་རུ་ཕྱིན་ནས་རྒྱལ་སྤྱིའི་འགོ་ཁྲིད་ཞིག་བྱ་རྒྱུའི་མངོན་འདོད་བྱས་ཡོད་ཀྱང་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་རྒྱ་ནག་གི་ལངས་ཕྱོགས་དེར་གདོང་ལེན་བྱས་ནས་ཆ་སྙོམས་ཀྱི་སྲིད་ཇུས་འཛིན་བཞིན་པར་རྗེས་སུ་ཡི་རངས་བྱ་མཁན་མང་དུ་འགྲོ་བཞིན་ཡོད་པ་(Politico)གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།