བྱང་ཨ་མི་རི་ཀའི་བོད་རིགས་སྤྱི་མཐུན་ཚོགས་པའི་ལྷན་ཚོགས་ཐེངས་ ༡༩ པ།

2021-09-11
Share
བྱང་ཨ་མི་རི་ཀའི་བོད་རིགས་སྤྱི་མཐུན་ཚོགས་པའི་ལྷན་ཚོགས་ཐེངས་ ༡༩ པ། བྱང་ཨ་མི་རི་ཀའི་བོད་རིགས་སྤྱི་མཐུན་ཚོགས་པའི་ལྷན་ཚོགས་ཚོགས་ཞུགས་པ།
བྱང་ཨ་རིའི་སྐུ་ཚབ་དོན་གཅོད།

ཕྱི་ཟླ་ ༩ ཚེས་ ༤ ནས་ ༦ བར་བྱང་ཨ་མི་རི་ཀའི་བོད་རིགས་སྤྱི་མཐུན་ཚོགས་པའི་ལྷན་ཚོགས་ཐེངས་ ༡༩ པ་དེ་བཞིན་ཨ་རིའི་ཡུ་ཊ་མངའ་ཁུལ་དུ་ཚོགས་ཤིང་། ད་ལྟའི་ཆར་བྱང་ཨ་རིའི་ཁུལ་བོད་མིའི་མི་འབོར་ཆེ་རུ་འགྲོ་བཞིན་ཡོད་པས།  མཉམ་འདུས་ཀྱི་ཚོགས་ཆེན་འདི་རིགས་ནི་མ་འོངས་བོད་དོན་དང་འབྲེལ་བའི་ལས་དོན་སྤེལ་ཕྱོགས་བགྲོ་གླེང་བྱ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཚོགས་འདུར་མཉམ་ཞུགས་གནང་མཁན་སི་ཡ་ཊལ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྟོབས་ཆེན་ལགས་དང་། མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པའི་དྲུང་ཆེ་བསྟན་འཛིན་ཤེས་རབ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།