རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་ཁྲོད་མ་སུ་རི་བོད་ཁྱིམ་སློབ་གྲྭའི་ནང་བརྒྱ་ཆ་དགུ་བཅུ་གོ་ལྔ་ལོན་མཁན་སློབ་མ་ཉི་ཤུ་རྩ་གསུམ་བྱུང་འདུག

2021.08.01
རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་ཁྲོད་མ་སུ་རི་བོད་ཁྱིམ་སློབ་གྲྭའི་ནང་བརྒྱ་ཆ་དགུ་བཅུ་གོ་ལྔ་ལོན་མཁན་སློབ་མ་ཉི་ཤུ་རྩ་གསུམ་བྱུང་འདུག རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་གྲུབ་འབྲས་ཐོན་ཡོད་པའི་ཁྲོད་མ་སུ་རི་བོད་ཁྱིམ་སློབ་གྲྭའི་ནང་སྦྱངས་འབྲས་བརྒྱ་ཆ་དགུ་བཅུ་གོ་ལྔ་ལོན་མཁན་སློབ་མ་ཉི་ཤུ་རྩ་གསུམ་བྱུང་ཡོད་འདུག
Photo: RFA

འདི་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཐོན་ཡོད་པའི་ནང་མ་སུ་རིའི་བོད་ཁྱིམ་སློབ་གྲྭའི་ཚོང་རིག་སྡེ་ཚན་ནས་སློབ་མ་༣ དང་། ཚན་རིག་སྡེ་ཚན་ནས་༤ སྒྱུ་རྩལ་སྡེ་ཚན་ནས་སློབ་མ་༡༦ བཅས་ཁྱོན་སློབ་མ་༢༣ གྱིས་སྦྱངས་འབྲས་བརྒྱ་ཆ་དགུ་བཅུ་གོ་ལྔ་ཡན་བླངས་འདུག དེ་ཡང་སློབ་གྲྭ་འདིའི་སློབ་མ་རྣམས་ཀྱི་རྒྱུགས་འབྲས་བརྒྱ་ཆ་ཚད་མཐོན་པོ་ལོན་པ་ཙམ་མ་ཡིན་པར་སློབ་གྲྭ་སྤྱི་ཡོངས་ཀྱི་སློབ་མའི་ཤེས་ཡོན་གྱི་གནས་ཚད་ཡག་པོ་ཡོད་པའི་རྒྱུ་མཚན་ནི་དོ་བདག་རང་ཉིད་ཀྱི་འབད་བརྩོན་དང་། དགེ་ལས་ཡོངས་ཀྱིས་སློབ་མའི་བསམ་བློའི་གནས་ཚད་མཐོ་རུ་གཏོང་ཐབས་ལ་གཙོ་བོ་འབད་བརྩོན་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་རེད་ཅེས་གསུང་ཡོད་པའི་སྐོར་གསར་འགོད་པ་བློ་བཟང་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུས་པ་གསན་རོགས་གནང་།

གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎