གསུམ་བཅུའི་དུས་དྲན་ཉིན་མོའི་གལ་གནད་དང་བྱུང་རིམ།

2021.03.10
གསུམ་བཅུའི་དུས་དྲན་ཉིན་མོའི་གལ་གནད་དང་བྱུང་རིམ། ནིའུ་ཡོག་གྲོང་ཁྱེར་ནང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།
རྣམ་རྒྱལ་ནོར་བུ།

༄༅།།ཐེངས་འདིའི་ཁ་བའི་གྲོས་རྭའི་ལེ་ཚན་གྱི་ནང་དུ་ད་ལོའི་གསུམ་བཅུ་དུས་དྲན་ཐེང་༦༢བོད་མི་སྒེར་ལངས་ཀྱི་ཉིན་མོ་ཨ་རིའི་གྲོང་འཁྱེར་ནིའུ་ཡོག་ཏུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་གཞི་རྒྱ་ཆེན་པོའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པ་དང་ ངོ་རྒོལ་སྐབས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་ཚེ་རིང་ལགས་ཀྱིས་གཙོས་འབྲེལ་ཡོད་མི་སྣས་གསུང་བཤག་གནང་རྒྱུ་དང་། དེ་མིན་ཨ་རིའི་གྲོས་ཚོགས་འཐུས་མི་རྗིམ་མེ་ཁིི་གྷ་ན་ལགས་ཀྱི་གསུང་བཤད་བརྙན་ཐུང་ཞིག་གཏོང་རྒྱུ་ཡིན་པ་ལས་འགུལ་དེ་གོ་སྒྲིག་བྱེད་མཁན་གཞུང་འབྲེལ་མ་ཡིན་པ་ཚོགས་པ་བདུན་ཡོད་པའི་ཁོངས་སུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འབྲེལ་མཐུད་པ་བློ་བཟང་ཚེ་བརྟན་ལགས་དང་ཨ་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ་ངག་དབང་བཀྲ་ཤིས་རྣམ་པ་གཉིས་དང་དུས་དྲན་གྱི་གལ་གནདདང་དེའི་བྱུང་རིམ་སོགས་ཀྱི་སྐོར་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བཅའ་འདྲི་བྱེད་པ་ཉན་རོགས་ཞུ།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎