མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་འདུག


2013.11.26
དབྱིན་ཇི་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་དང་མཇལ་སྐབས། ཨིན་ལན་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་ལ་མཇལ་བཅར་སྐབས།
པར། བོད་མིའི་སྒྲིག་འཛུགས།

ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་སྣེ་ཁྲིད་པའི་སྤྱི་འཐུས་རྣམ་པས་དབྱིན་ཇིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་དང་མཇལ་འཕྲད་གནང་འདུག

ཕྱི་ཟླ་ ༡༡ ཚེས་༢༡ནས་༢༥བར་གྱི་དབྱིན་ཡུལ་གྱི་ལས་རིམ་ཁག་ནི་སྤྱི་འཐུས་རྣམ་པའི་ཡོ་རོབ་ཁུལ་གྱི་མཛད་འཆར་མཐའ་མ་དེ་ཡིན་ཞིང་། དེའི་གོང་ཡོ་རོབ་མཐུན་ཚོགས་དང་། ཡོ་རོབ་གྲོས་ཚོགས་ཆགས་ཡུལ་བྷེལ་ཇམ་གྱི་རྒྱལ་ས་སོགས་སུ་ཆེད་ཕེབས་གནང་སྟེ་ཡུལ་གྲུ་དེ་དག་ནང་གི་གྲོས་ཚོགས་ཀྱི་འཐུས་མི་དང་། ཕྱི་སྲིད་ལས་ཁུངས་ཀྱི་མི་སྣ། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ས་གནས་ཀྱི་བོད་རིགས་མང་ཚོགས་དང་མཇལ་འཕྲད་སོགས་གནང་ཡོད་པ་རེད།

དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་སྤྱི་འཐུས་གྲོས་ཚོགས་ཀྱི་སྐུ་ཚབ་རྣམ་པས་གྲོས་ཚོགས་འོག་མའི་འཐུས་མི་མང་དག་ཅིག་དང་མཇལ་འཕྲད་གནང་འདུག་པ་མ་ཟད་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་དང་ཡང་མཇལ་འཕྲད་གནང་ཡོད་པ་རེད་འདུག

སྐབས་དེར་དབྱིན་ཇིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ John Berlow དང་གཞན་ཡང་མཇལ་འཕྲད་ཞུ་ཡུལ་གྱི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་བོད་ནང་གི་བོད་མི་ཚོ་དཀའ་སྡུག་མྱོང་བཞིན་པར་གདུང་སེམས་མཉམ་བསྐྱེད་ཡོད་པ་གསུངས་འདུག ད་དུང་མུ་མཐུད་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བཟུང་བཞིན་པའི་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་བའི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་ཀྱང་གནང་འདུག    དེ་བཞིན་སྤྱི་འཐུས་རྣམ་པས་དབྱིན་ཇིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱ་ནག་སྡེ་ཚན་གྱི་ལས་བྱེད་པ་ཁག་ཅིག་དང་ཡང་མཇལ་ཕྲད་ཞུས་འདུག

གསར་འགོད་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎