བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྟོབས་ཤུགས་དང་ཕྱི་ནང་གི་ཉེན་ཁ།


2020-10-14
Share
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྟོབས་ཤུགས་དང་ཕྱི་ནང་གི་ཉེན་ཁ། ༡༠།༧།༢༠༢༠ བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་༥༠འཁོར་བའི་མཛད་སྒོའི་ཐོག
RFA/Dhasa

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་ནི་བོད་རིགས་ན་གཞོན་ཡོངས་ཀྱིས་བོད་སྤྱི་པའི་བདེན་དོན་འཐབ་རྩོད་ཆེད་ནུས་པ་གཅིག་ཏུ་སྤུངས་སའི་སྡིངས་ཆ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པ་དང་། སྤྱི་ལོ་༡༩༧༠ལོར་སྐབས་དེའི་གཞོན་སྐྱེས་ཤེས་ལྡན་པ་ཚོས་དགོས་དམིགས་གལ་ཆེར་གཟིགས་ནས་གསར་འཛུགས་གནང་བ་ལྟར། འདི་ལོ་ལོ་ངོ་༥༠ཧྲིལ་པོ་འཁོར་གྱི་ཡོད་པ་དང་འབྲེལ་ནས་གཞོན་ལྷན་གྱི་འདས་དང་ད་ལྟ་མ་འོངས་པ། དེ་བཞིན་གཞོན་ནུ་ལྷན་ཚོགས་ཀྱི་སྟོབས་ཤུགས་དང་ཞན་ཆ་གཞན་ཡང་གོ་སྐབས་དང་ཉེན་ཁ་སོགས་ཀྱི་སྐོར། དབུས་གཞོན་ནུའི་ལྷན་ཚོགས་ཀྱི་རིག་གཞུང་འགན་འཛིན་ཡེ་ཤེས་ཆོས་འཕེལ་ལགས་དང་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ནུ་ཚོགས་པའི་ད་ལྟའི་ལས་ཐོག་ཚོགས་གཙོ་བཀྲིས་ལམ་བཟང་ལགས་དང་ཚོགས་གཙོ་ཟུར་པ་ངག་དབང་མཐར་ཕྱིན་རྣམ་པ་གསུམ་དང་ལྷན་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།