ལྡི་ལི་བོད་མིའི་ཏོག་དབྱིབས་རིམས་ནད་སྔོན་འགོག་ཚན་པས་རྒྱ་ནག་ལ་ཞུ་གཏུགས་བྱས་ཡོད་པ།

2020-07-15
གློག་འཕྲིན།
མཆན།
Share
པར་བཀོད།
ལྡི་ལི་བོད་མིའི་ཏོག་དབྱིབས་རིམས་ནད་སྔོན་འགོག་ཚན་པས་ངོས་ནས་རིམས་ནད་ཁྱབ་གདལ་བྱུང་སྟངས་དང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་འགལ་བའི་ལས་དོན་སྤེལ་བཞིན་པར་ཞིབ་འཇུག་གནང་དགོས་ཞེས་རྒྱལ་ཚོགས་ལ་ཞུ་གཏུགས་བྱས་ཡོད་འདུག

བློ་བཟང་།

༄༅།།སྤྱི་ལོ་༢༠༢༠ ཟླ་༧ ཚེས་༡༤ ཉིན་ལྡི་ལིར་བཅའ་བཞུགས་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གཉིས་ལ་ལྡི་ལི་བོད་མིའི་ཏོག་དབྱིབས་རིམས་ནད་སྔོན་འགོག་ཚན་པའི་སྐུ་ཚབས་རྣམས་ཆེད་བཅར་གྱིས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བྱུང་སྟངས་དང་། དེ་བཞིན་བོད་ནང་གཟུངས་སྔགས་བརྒྱུད་བསྐུར་བྱས་པར་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་བོད་མི་༢༠ ཙམ་ཞིག་བཙོན་འཇུག་བྱས་པ་རྣམས་འགྲོ་བ་མིའི་ཐོབ་ཐང་དང་འགལ་བའི་ལས་དོན་ཁག་ལ་དྲང་བདེན་གྱི་ཞིབ་འཇུག་མཐིལ་ཕྱིན་པ་གནང་སྟེ་གནད་དོན་ཁག་འཛམ་གླིང་རྒྱ་ཆེའི་མི་མང་གི་མདུན་གསལ་སྟོན་བྱེད་དགོས་སོགས་དགོས་འདུན་དོན་ཚན་བཞི་བཏོན་ཡོད་པའི་སྐོར་བློ་བཟང་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས།།

གསར་འགོད་པ་བློ་བཟང་།

མཆན། (0)
Share
དྲ་གནས་ཆ་ཚང༌།