ཡོ་རོབ་ཡུལ་གྲུ་སྦེལ་འཇམ་ནང་གནས་ཚུལ་མཁོ་གཏོང་བའི་ས་མིག

ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱེད་པའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡོ་རོབ་ཡུལ་གྲུ་སྦེལ་འཇམ་ནང་གནས་ཚུལ་མཁོ་གཏོང་བའི་ས་མིག་གསལ་བསྒྲགས།

› ཡོ་རོབ་ཡུལ་གྲུ་སྦེལ་འཇམ་ནང་གནས་ཚུལ་མཁོ་གཏོང་བའི་ས་མིག

 

གསར་འགོད་པའི་ས་མིག་གསལ་བསྒྲགས།
ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱེད་པའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡོ་རོབ་ཡུལ་གྲུ་སྦེལ་འཇམ་ནང་གནས་ཚུལ་མཁོ་གཏོང་བའི་ས་མིག་གསལ་བསྒྲགས།

དགོས་ངེས་ཆ་རྐྱེན།
༡༽ བོད་སྐད་དང་བོད་ཡིག་གི་ཤེས་ཚད་མཐོ་སློབ་ཐོན་པའམ་ཡང་ན་མཐོ་སློབ་ཀྱི་ཤེས་ཚད་ཡོད་པ་ ཁུངས་ལྡན་ར་ཕྲོད་ཐུབ་པ་དགོས་པ།
༢༽ དབྱིན་ཡིག་དང་། ཧྥརན་སིའི་སྐད་ཡིག་རང་རྐྱ་འཕེར་ངེས་དགོས་ཅིང་།  དེའི་ཐོག་རྒྱ་ཡིག་སོགས་ཀྱི་ སྐད་ཡིག་ཤེས་ཚད་ཡོད་ཚེ་དམིགས་བསལ་ཆ་རྐྱེན་དུ་ངོས་འཛིན་བྱ་རྒྱུ།
༣༽ བོད་ནང་གི་གནས་ཚུལ་མཁོ་སྒྲུབ་ཐུབ་པ།
༤༽ བོད་ཕྱི་ནང་དང་། ལྷག་པར་དུ་ཡོ་རོབ་ནང་བྱུང་བའི་བོད་དོན་དང་འབྲེལ་བའི་གནད་དོན།  རྒྱ་ནག་ དང་ཡོ་རོབ་དབར་གྱི་འབྲེལ་བ།  རྒྱལ་སྤྱི་དང་རྒྱ་ནག་དབར་གྱི་འབྲེལ་བའི་གནས་བབས་སོགས་ཀྱི་ཤེས་ ཚད་གང་ལེགས་ཡོད་པ།
༥༽ ཡོ་རོབ་སྤྱི་མཐུན་གྱི་རྒྱལ་ཁབ་གང་རུང་ནང་གཏན་སྡོད་ཆོག་པ་དང་། རྒྱལ་ཁབ་དེ་དག་གི་ནང་འགྲིམ་ འགྲུལ་ཆོག་པའི་གཞུང་འབྲེལ་གྱི་ཡིག་ཆ་ཡོད་པ།
༦༽  དྲང་བདེན་དང༌། ཕྱོགས་ལྷུང་མེད་པར་ཁྱོན་ཡོངས་ཀྱི་གནས་ཚུལ་མཁོ་སྒྲུབ་བྱེད་ཐུབ་པ།
༧༽ སྲིད་གཞུང་དང་། ཆབ་སྲིད་ཀྱི་ཚོགས་པ། ཆོས་ལུགས་སྡེ་ཁག་གང་ཡང་རུང་བའི་ཤུགས་རྐྱེན་འོག་
མ་སོང་བར་རང་ཉིད་གསར་འགོད་པའི་ངོ་བོར་དྲང་ཚུགས་འཕེར་བའི་ཐོག་གནས་ཐུབ་པ།
༨༽ རང་ཉིད་གནས་ཡུལ་རྒྱལ་ཁབ་ནང་གི་གསར་འགོད་པའི་སྒྲིག་གཞི་ཤེས་རྟོགས་ཡོད་པ།
༩༽ བརྙན་འཕྲིན་དང་རླུང་འཕྲིན་གཉིས་ཀའི་ཐོག་གནས་ཚུལ་འབྲི་བཀོད་དང་དྲི་ལན་།  དེ་བཞིན་བརྙན་ འཕྲིན་ཕྱོགས་བསྒྲིགས། (Video) སོགས་བྱེད་ཐུབ་པ། ༼གསར་འགོད་པའི་ལས་ཀར་ བདམས་ཐོན་ ཟིན་རྗེས་སྒྲ་དང་བརྙན་པར་ཕྱོགས་བསྒྲིགས་ཀྱི་སྦྱོང་བརྡར་སྤྲོད་རྒྱུ།༽
༡༠༽ གསར་འགོད་ལས་རིགས་ལ་བྱང་ཆ་ཡོད་པའམ།  གསར་འགོད་ལས་རིགས་ཐོག་སློབ་སྦྱོང་གི་ལག་ འཁྱེར་ཡོད་པ་ཚོར་དམིགས་བསལ་ཆ་རྐྱེན་ངོས་འཛིན་བྱེད་རྒྱུ།
ལས་འགན།
ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་ལས་ཁུངས་ཨ་མའི་བཀོད་མངགས་འོག་གཙོ་བོ་ཡོ་རོབ་ནང་བྱུང་བའི་བོད་དོན་དང་འབྲེལ་བའི་གནས་ཚུལ་དང་། བོད་ནང་གི་གནས་ཚུལ། དེ་མིན་འབྲེལ་ཆགས་ཀྱི་གནས་ཚུལ་རྩད་ཞིབ་བྱས་ཅིང་། ཁུངས་ལྡན་ཡིན་པ། རང་བཞིན་ཅན་གྱི་སྒྲ་དང་བརྙན་པར་ལྡན་པའི་གནས་ཚུལ་དུས་ཐོག་ཏུ་གཏོང་རྒྱུ།
གཞུང་དང་སྒྲིག་འཛུགས་ཁག་གིས་སྤེལ་བའི་དྲིལ་བསྒྲགས་ལ་སོགས་པ་ཁོ་ནའི་གནས་ཚུལ་མཁོ་སྒྲུབ་བྱས་པ་མིན་པར། སོ་སོ་རང་གིས་གནས་ཚུལ་སྣ་ཚོགས་མཁོ་སྒྲུབ་ཐུབ་པ་དགོས་པ།
ལས་ཡུན།
ཐོག་མར་ལོ་གཅིག་རིང་གི་གན་རྒྱ་དང་།  དོ་བདག་གི་ལས་ཀར་ལས་ཁུངས་ཨ་མ་ནས་གདེང་འཇོག་འཕེར་བ་བྱུང་ཚེ། ལོ་ལྟར་ཕྱི་ཟླ་དགུ་པའི་ཟླ་མཇུག་ཏུ་གན་རྒྱ་བསྐྱར་གསོ་བྱ་རྒྱུ།
གོང་གསལ་གསར་འགོད་པའི་ལས་ཀ་འདི་བཞིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་ངོ་མ་མིན། ལོ་ལྟར་གན་རྒྱའི་འོག་ལས་ཀ་བྱེད་དགོས།
ཁྱེད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པའི་ལས་ཀར་ཞུགས་འདོད་ཡོད་ཚེ་གཤམ་གསལ་ཁ་བྱང་ཐོག་སློབ་ཐོན་ལག་ཁྱེར་དང་། དོ་བདག་གི་ལོ་རྒྱུས། གསར་འགོད་པའི་ལས་ཀ་བྱེད་འདོད་ཡོད་པའི་རྒྱུ་མཚན་དང་། དམིགས་ཡུལ་སོགས་འཁོད་པའི་ཁ་ཤོག་འཚང་སྙན་བཅས་
ཕྱི་ལོ་ ༢༠༡༨ ཕྱི་ཟླ ༩  ཚེས  ༡༥ འགྱངས་མེད་གློག་འཕྲིན་ཁ་བྱང། Email:chhonzomd@rfa.org བརྒྱུད་ནས་ངེས་འབུལ་དགོས་པ་དགོངས་འཇགས་ཞུ།