༸སྐུའི་འཁྲུངས་སྐར་དང་བསྟུན་སྦྱིན་གཏོང་གི་བྱ་བ།
2017.07.03
༄༅། །༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩིའི་ཆ་ཤས་སུ་བོད་རིགས་སློབ་ཕྲུག་དང་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པས་རྒྱ་གར་གྲོང་གསེབ་ཀྱི་མི་སྐྱོ་པོ་རྣམས་ལ་གྱོན་གོས་སྦྱིན་གཏོང་གནང་འདུག དེའི་སྐོར་ང་ཚོའི་དྷ་རམ་ས་ལའི་གསར་འགོད་པ་སངས་རྒྱས་རྡོ་རྗེ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།