ནིའུ་ཡོག་གྲོང་ཁྱེར་ནང་གི་རྒྱ་ནག་གཞུང་ཚབ་མདུན་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བ།
2019.11.30
༄༅༎ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༦ ཉིན་གྱི་བོད་མདོ་སྨད་རྔ་བའི་རྨེའུ་རུ་མ་ཡུལ་ཚོ་དང་ཐག་ཉེའི་གྲོང་བར་ནས་རང་ལོ་ ༢༤ ཙམ་ཡིན་པའི་ཡོན་ཏན་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་མཚོན་ཆེད་དུ་རང་ལུས་མེར་སྲེག་བཏང་སྟེ་ནས་སྐུ་གྲོངས་པ་ཁོང་ལ་གདུང་སེམས་མཉམ་སྐྱེད་ཆེད་དུ་ཕྱི་ཟླ་༡༡ཚེས་༢༩རེས་གཟའ་པ་སངས་ཀྱི་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དང་ནིའུ་ཇར་སི་མངའ་སྡེའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་མདུན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་སྐོར་འདི་གའི་གསར་འགོད་པ་ཆོས་འཕེལ་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ཞིག་ལ་གསན་རོགས༎
གསར་འགོད་པ་ཆོས་འཕེལ།