སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྒྱ་གར་བྱང་ཤར་ཁུལ་དུ་ཕྱོགས་བསྐྱོད་ཀྱི་མཛད་འཆར།

2021-02-20
Share
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྒྱ་གར་བྱང་ཤར་ཁུལ་དུ་ཕྱོགས་བསྐྱོད་ཀྱི་མཛད་འཆར། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྒྱ་གར་གྱི་ཨ་རུ་ན་ཅལ་དང་འབྲས་ལྗོངས་མངའ་སྡེའི་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་རྒྱུ་ཡིན་པ་དེས་ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་ལ་བརྡ་ལེན་གསལ་པོ་ཞིག་སྤྲོད་ཀྱི་ཡོད་པ་རྒྱ་གར་གྱི་གནད་དོན་དབྱེ་ཞིབ་པས་ངོས་འཛིན་གནང་བཞིན་འདུག
བོད་མིའི་སྒྲིག་འཛུགས།

༄༅།།བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ཟླ་༢ཚེས་༡༩ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ནས་གཞུང་འབྲེལ་ཕྱོགས་བསྐྱོད་གནང་འགོ་འཛུགས་ཤིང་། ཕྱོགས་བསྐྱོད་ཀྱི་ཐོག་མར་རྒྱལ་ས་ལྡི་ཁུལ་དུ་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་མཇལ་འཕྲད་གནང་སྟེ། དེ་ནས་བོད་དང་ས་འབྲེལ་ཆགས་པའི་རྒྱ་གར་བྱང་ཤར་མངའ་སྡེ་ཁག་སྟེ། ཨ་རུ་ན་ཅལ་དང་། འབྲས་ལྗོངས་མངའ་སྡེ་སོགས་ནང་ཕྱོགས་ཕེབས་གནང་རྒྱུ་ཡིན་པའི་སྐོར་འདི་གའི་གསར་འགོད་པ་བློ་བཟང་དགེ་ལེགས་ལགས་ཀྱིས་ཕྱོགས་སྒྲིག་ཞུས་པའི་གནས་ཚུལ་ལ་གསན་རོགས།།

གསར་འགོད་པ་བློ་བཟང་དགེ་ལེགས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།