རྣམ་དཔྱོད་ལྡན་པའི་བོད་མིའི་འོས།

2021.03.03
Share on WhatsApp
Share on WhatsApp
རྣམ་དཔྱོད་ལྡན་པའི་བོད་མིའི་འོས། དྲ་ཐོག་ནས་འོས་འཕེན་པ་བོད་མི་ཚོར་གནས་ཚུལ་མཁྱེན་པའི་ཐོག་ནས་འོས་བསྡུའི་ཉིན་མོ་འོས་གཞི་ཐག་གཅོད་ཡོང་རྒྱུར་ཕན་ཐོག་ཆེད་དམིགས་པ།
རྣམ་དཔྱོད་ལྡན་པའི་བོད་མིའི་འོས་ཀྱི་ངོ་དེབ།

༼རྣམ་དཔྱོད་ལྡན་པའི་བོད་མིའི་འོས།༽ཟེར་བ་འདི་ནི་ཁྱད་ལས་འདྲ་མིན་གྱི་བོད་མིའི་དང་བླང་པ་ཁག་ཅིག་ལས་གྲུབ་པའི་འོག་མང་གཙོའི་ལས་འཆར་ཚོགས་པའི་ལས་འགུལ་ཞིག་ཡིན་པ་དང་།སྡེངས་ཆ་འདི་ནི་དྲ་ཐོག་ནས་འོས་འཕེན་པ་བོད་མི་ཚོར་གནས་ཚུལ་མཁྱེན་པའི་ཐོག་ནས་འོས་བསྡུའི་ཉིན་མོ་འོས་གཞི་ཐག་གཅོད་ཡོང་རྒྱུར་ཕན་ཐོག་ཆེད་དམིགས་པ་ཞིག་ཡིན་འདུག་ཅིང་།གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གིས་རྒྱབ་སྐྱོར་དང་མཐུན་འགྱུར་གནང་གི་ཡོད་པ་རེད། དྲ་ཐོག་གི་སྡེངས་ཆ་འདི་ནི་ ༢༠༠༣ ལོར་སུད་སི་ནང་ཡོད་པའི་པོ་ལི་ཊུལ་སེ་Politools ནས་བཟོ་བསྐྲུན་ཞུས་པ་ཞིག་དང་སུད་སིི་དང་། ཨོ་སི་ཊོ་ལི་ཡ། ཡུ་རོབ་སོགས་ནང་རྒྱལ་ཡོངས་དང་མངའ་སྡེ་རིམ་པའི་འོས་བསྡུའི་ཐོག་བེད་སྤྱོད་ཀྱིས་གྲུབ་འབྲས་ཆེན་པོ་བྱུང་ཡོད་འདུགདེ་བཞིན་བོད་མིའི་དམངས་གཙོའི་སྤྱི་ཚོགས་ནང་ལས་འཆར་དེ་དཔེ་བླངས་ནས་ལག་བསྟར་བྱས་པའི་གྲུབ་འབྲས་དང་ནུས་པ་མཉམ་ཞུགས་བྱེད་མཁན་ཇི་འདྲ་ཡོད་མེད་སྐོར་དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་ལས་འཆར་ཚོགས་མི་བཀྲས་མཐོང་དབང་པོ་ལགས་དང་རྡོ་རྗེ་དགྲ་འདུལ་གྱིས་བཅའ་འདྲི་བྱེད་པ་ཉན་རོགས་ཞུ།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།