ཀ་ཤི་མིར་དུ་ཚེ་སྲོག་ཤོར་བའི་རྒྱ་གར་དམག་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད།

2019-02-16
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གར་གྱི་དམག་མིར་གོད་ཆག་བྱུང་བ་རྣམས་ཀྱི་ཆེད་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ནང་བོད་པ་ཚོས་མཉམ་ཞུགས་ཀྱིས་མར་མེ་ཁྲོམ་སྐོར་དང་སྨོན་ལམ་གནང་ཡོད་པ།
རྒྱ་གར་གྱི་དམག་མིར་གོད་ཆག་བྱུང་བ་རྣམས་ཀྱི་ཆེད་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ནང་བོད་པ་ཚོས་མཉམ་ཞུགས་ཀྱིས་མར་མེ་ཁྲོམ་སྐོར་དང་སྨོན་ལམ་གནང་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བློ་བཟང༌།

༄༅། །ཟླ་འདིའི་ཕྱི་ཚེས་ ༡༥ཉིན། ལྡེ་ར་ལྡུན་བདེ་སྐྱིད་གླིང་གི་ཉེ་འཁྲིས་རྒྱ་གར་གྱི་གྲོང་བརྡལ་ཀི་སར་ལིའི་གྲོང་སྡེ་རང་སྐྱོང་ལྷན་ཁང་གི་འཐུས་མིས་སྣེ་ཁྲིད་འོག་ཡུལ་མི་རྣམས་ནས། ཟླ་འདིའི་ཚེས་༡༤ཉིན་རྒྱ་གར་ཀ་ཤི་མིར་པུལ་ཝ་མ་རྫོང་ཁོངས་སུ་འབར་རྫས་གད་གཏོར་གྱིས་རྒྱ་གར་གྱི་དམག་མི་བཞི་བཅུ་ལྷག་ཙམ་ལ་སྲོག་སྐྱོན་བྱུང་བ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་བའི་སྐབས་སུ། ལྡེ་ར་ལྡུན་ས་གནས་དབུ་འཛིན་གྱི་སྣེ་འཁྲིད་འོག་བདེ་སྐྱིད་གླིང་གི་མི་མང་གཙོས་མི་མང་བརྒྱ་སྐོར་ཙམ་མཉམ་ཞུགས་གནང་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་བློ་བཟང་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎

གསར་འགོད་པ་བློ་བཟང་།

མཆན། (0)
Share
དྲ་གནས་ཆ་ཚང༌།