རྒྱལ་སྤྱིའི་ཁྱོན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ།


2018.06.14
རྒྱལ་སྤྱིའི་ཁྱོན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ། ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་སྲིང་སྐྱོང་དབུས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ཐུགས་ཆེ་ཞུའི་ལས་འགུལ་སྤེལ་བ།
ཨོ་རྒྱན།

༄༅༎ཕྱི་ལོ་༢༠༡༨ལོ་དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བཙན་བྱོལ་དུ་ཞབས་སོར་འཁོར་ནས་མི་ལོ་༦༠ཧྲིལ་པོ་འཁོར་བ་དང་སྟབས་བསྟུན་ནས་རྒྱ་གར་གཙོ་བོར་གྱུར་བའི་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱིས་གཞུང་མང་གཉིས་ལ་ད་བར་བོད་དོན་ཐོག་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུའི་ལས་འཆར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་འོག་སྤེལ་བཞིན་པ་ལྟར་ཕྱི་ཟླ་༦ཚེས་༡༢ཉིན་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང༌།བྱང་ཨ་རིའི་སྤྱི་འཐུས་རྣམ་གཉིས།བྱང་ཨ་རིའི་སྐུ་ཚབ་དོན་གཅོད།དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ནས་ཁེ་ན་ཌའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་མཛད་སྒོ་ཞིག་འཚོགས་ཡོད་པའི་སྐོར་འདི་གའི་གསར་འགོད་པ་ཨོ་རྒྱན་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས༎

གསར་འགོད་པ་ཨོ་རྒྱན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎