དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཟུར་པར་སིཀོཊི་ལེནཌི་ཡུལ་གྱི་གྲོས་ཚོགས་ནས་ཆེ་བསྟོད་ཀྱི་གྲོས་འཆར་བཏོན་པ།

2025.01.14
དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཟུར་པར་སིཀོཊི་ལེནཌི་ཡུལ་གྱི་གྲོས་ཚོགས་ནས་ཆེ་བསྟོད་ཀྱི་གྲོས་འཆར་བཏོན་པ།
སིཀོཊི་ལེནཌི་ཡི་གཞུང་།

དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཟུར་པ་ ཧྥརཱ་སི་ (Frasi) བསོད་ནམས་ཚེ་རིང་ལགས་སུ་ཁོང་གི་ལས་ཡུན་རིང་ཐད་ཀར་འབྲེལ་བ་ཆགས་པའི་སིཀོཊི་ལེནཌི་ (Scotland) ཡུལ་གྱི་གྲོས་ཚོགས་ནས་ཁོང་གིས་ཕྱག་ལས་གནང་པ་ཁག་ལ་ངོས་འཛིན་ཆེ་བསྟོད་ཀྱི་ཚུལ་དུ་གྲོས་ཆོད་གྲོས་འཆར་ཨང་ (S6M: 15983) ༢༠༢༥ ཕྱི་ཟླ་ ༡ ཚེས་ ༣ ཉིན་བཏོན་ཡོད་ཅིང་། གྲོས་འཆར་ཡིག་ཆའི་འགོ་བརྗོད་དུ་ His Excellency ཞེས་གཞུང་ཚབ་རིམ་པ་དང་དེ་བཞིན་གཞུང་གི་མཐོ་གྲས་མི་སྣར་འབོད་ལུགས་གཅིག་འགྱུར་བཀོད་འདུག་པ་མ་ཟད། གྲོས་འཆར་གྱི་འགོ་བརྗོད་དུ་དོན་ཁང་འདི་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཅེས་འབོད་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ཆེད་དོན་ཟུར་བསོད་ནམས་ཚེ་རིང་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པའི་སྐབས། ཁོང་གིས་འདས་པའི་ལོ་དྲུག་གི་རིང་དབྱིན་ཡུལ་དོན་ཁང་གི་ཁྱབ་ཁོངས་ཡུལ་ལུང་ ༡༡ གི་ཕྱི་སྲིད་ལས་ཁུངས་དང་འབྲེལ་བ་འཛུགས་རྒྱུ་དང་གོང་སྤེལ་གཏོང་རྒྱུའི་ཐོག་དང་དབྱིན་ཇིའི་གཞུང་གིས་བོད་ཀྱི་མངའ་དབང་ཐོག་སྲིད་བྱུས་འཛིན་པ་འདི་ནོར་འཁྲུལ་ཡིན་པ་ར་སྤྲོད་ཞུ་གཏུགས་གནང་རྒྱུའི་ཐད་གཙོ་འདོན་གནང་པ་ཡིན་ཞེས་གསུངས་བྱུང་།
Sonam Tsering Frasi2.png
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎