ས་ཡོམ་གྱིས་བཙུན་མ་༢༣༠ཙམ་གྱི་བཞུགས་ཤག་མེད་པ་བཟོས་ཡོད་པ།


2015.05.01
ས་ཡོམ་གྱིས་བཙུན་མ་༢༥༠ལྷག་གི་བཞུགས་ཤག་མེད་པ་བཟོས་ཡོད་པ། ཤྲྰི་སེང་གེ་བྲག་ཤར་སྦ་ཁང་དོན་གྲུབ་སྡིངས་བཙུན་དགོན།
ཤྲྰི་སེང་གེ་བྲག་ཤར་སྦ་ཁང་དོན་གྲུབ་སྡིངས་བཙུན་དགོན།

༄༅༎བལ་ཡུལ་ས་མཚམས་སུ་ཡོད་པའི་སེང་བྲག་རིན་པོ་ཆེའི་དགོན་པའི་གནས་སྟངས་སྐོར། ས་གནས་སུ་བསྐྱོད་མཁན་གྱིས་འདི་གའི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་སུ་ཞིབ་ཕྲ་ངོ་སྤྲོད་གནང་བར་གསན་རོགས་ཞུ༎

གསར་འགོད་པ་ཐུབ་བསྟན་སངས་རྒྱས།

 

བདེ་སྐྱིད་གླིང་ས་གནས་གཞོན་ནུའི་གོ་སྒྲིག་འོག་བོད་མི་ཚོས་བལ་ཡུལ་དང་བོད་ལ་ས་ཡོམ་གྱི་གོད་ཆག་བྱུང་བར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་པའི་སྐོར། འདི་གའི་གསར་འགོད་པ་བཟོད་པ་རྒྱ་མཚོ་ཡིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས༎

གསར་འགོད་པ་བཟོད་པ་རྒྱ་མཚོ།

 

དེ་བཞིན་སྒང་ཏོག་ས་གནས་སུ་ཡང་བོད་མི་ཚོས་བལ་ཡུལ་དང་བོད་ནང་ས་ཡོམ་གྱི་གོད་ཆག་ཕོག་མཁན་འདས་གསོན་ཡོངས་ཀྱི་ཆེད་དུ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་ཡོད་པའི་སྐོར། འདི་གའི་གསར་འགོད་པ་པ་སངས་ཚེ་རིང་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས༎

གསར་འགོད་པ་པ་སངས་ཚེ་རིང༌།

དབུས་བོད་ཀྱི་གཞོན་ནུ་ཚོགས་པས་བལ་ཡུལ་དུ་ས་འགུལ་གྱི་གོད་ཆག་ཕོག་མཁན་རྣམས་ལ་རོགས་སྐྱོར་གནང་བཞིན་པའི་སྐོར། འདི་གའི་གསར་འགོད་པ་ཟླ་བ་སྒྲོལ་མ་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས༎

གསར་འགོད་པ་ཟླ་བ་སྒྲོལ་མ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎