༧གོང་ས་མཆོག་ནས་བོད་ཀྱི་དཔའ་བོ་དཔའ་མོར་སྔོན་སྨོན་གནང་བ།

༧གོང་ས་མཆོག་དབུ་བཞུགས་ཐོག་ཉེ་ཆར་རྐྱེན་འདས་སུ་གྱུར་པའི་ རྒྱལ་གཅེས་དཔའ་བོ་དཔའ་མོའི་ཆེད་དུ་གསོལ་འདེབས་མཛད་འདུག

2008.05.03

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་

དབུ་བཞུགས་ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉེ་ཆར་བོད་བསྟན་སྲིད་ཀྱི་ཆེད་དུ་

རྐྱེན་འདས་སུ་གྱུར་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་ སྒོས་སུ་བོད་མིའི་སྤྱི་མཐུན་བསོད་ནམས་གསོག་སླད་བོད་ཀྱི་ཆོས་རྒྱུད་ཁག་གི་བླ་ཆེན་རྣམས་ནས་

གསོལ་འདེབས་མཛད་འདུག

དེ་ཡང་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་དང་གཡུག་དྲུང་བོན་དང་བཅས་པའི་དབུ་ཁྲིད་བླ་ཆེན་དང་

སྐུ་ཚབ་འདུས་པའི་ལྷན་ཚོགས་ཕྱི་ཟླ་༥པའི་༢་ནས་༣་བར་བསྐྱངས་གནང་ཡོད་ཅིང་ ལྷན་ཚོགས་སུ་༧གོང་ས་མཆོག་གིས་བཀའ་དོན་དུ་ སངས་རྒྱས་ཀྱི་ཆོས་དེ་བོད་མི་རིགས་ཀྱི་ནུས་པ་དང་མི་རིགས་ཀྱི་རྣམ་པ་ མི་རིགས་ཀྱི་གོང་བུ་གཅིག་འགྱུར་ཡོང་རྐྱེན་གཙོ་བོ་ཆོས་ཡིན་པ་སོགས་བཀའ་སློབ་ཟབ་མོ་

གནང་ཡོད་པ་དང་དེ་རྗེས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་

ཟམ་གདོང་རིན་པོ་ཆེ་མཆོག་གིས་ལྷན་ཚོགས་ཀྱི་གནད་དོན་སྐོར་གསུང་བཤད་གནང་ཡོད་པ་རེད་ ༧གོང་ས་མཆོག་དབུ་བཞུགས་ཐོག་བོད་ཀྱི་ཆོས་རྒྱུད་ཁག་གི་བླ་ཆེན་བཞུགས་ཁྲིའི་གཡོན་ཕྱོགས་སུ་

དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་དང་ འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་ ཤར་རྩེ་ཆོས་རྗེ་ ཕྱག་གཡས་ཕྱོགས་སུ་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་དང་ སྨན་རི་ཁྲི་འཛིན་རིན་པོ་ཆེ་ ཤར་རྩེ་ཆོས་རྗེ་རིན་པོ་ཆེ་བཅས་གཙོ་བོར་འགྱུར་པའི་མཁན་བླ་ཁག་འདུ་འཛོམས་གནང་སྟེ་

སྨོན་ལམ་རྣམ་བརྒྱད་མ་དང་ སྒྲོལ་མ་ཉེར་གཅིག་མ་ མ་ཎི་ཡིག་དྲུག ཐུ་བསྟན་རིས་མེད་ཀྱི་སྨོན་ལམ་སོགས་གསུངས་གནང་ཡོད་པ་རེད་ བཙན་བྱོལ་བོད་གཞུང་གི་གཞུང་ཞབས་སོགས་བོད་མི་འཕོན་ཆེ་འདུ་འཛོམས་བྱུང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
བོད་སྐད་སྡེ་ཚན།
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱ་ནག་ནི་དམིགས་བསལ་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་ཏུ་ངོས་འཛིན་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎