རྒྱ་གཞུང་གི་ཕྱི་ལ་ཕྱོགས་པའི་དྲིལ་བསྒྲགས་སྲིད་བྱུས་གླེང་བ།

2018-07-20
གློག་འཕྲིན།
མཆན།
Share
པར་བཀོད།
ཁེ་ཎ་ཌའི་གྲོས་ཚོགས་ནང་ཕྱི་ཟླ་༥པའི་ནང་ཉན་ཞིབ་ཅིག་གི་སྐབས་བོད་ནས་ཡིན་པའི་སྐུ་ཚབ་ཟེར་བ་པདྨ་དབང་འདུད་ནས་གཏམ་བཤད་བྱེད་བཞིན་པ།
ཁེ་ཎ་ཌའི་གྲོས་ཚོགས་ནང་ཕྱི་ཟླ་༥པའི་ནང་ཉན་ཞིབ་ཅིག་གི་སྐབས་བོད་ནས་ཡིན་པའི་སྐུ་ཚབ་ཟེར་བ་པདྨ་དབང་འདུད་ནས་གཏམ་བཤད་བྱེད་བཞིན་པ།
འདྲ་བཤུས།

༄༅།།དེ་རིང་གི༼གངས་ལྗོངས་གླེང་སྟེགས༽ཀྱི་སྐབས་སུ་བབ་པའི་གླེང་བྱ་ནི།   རྒྱ་ནག་གཞུང་གིས་བོད་དོན་དྲིལ་བསྒྲགས་ལ་དམིགས་ནས་ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་བྱེད་ཐབས་དང་རྣམ་པ། བྱ་བའི་ཡུལ་བཅས་ལ་འགྱུར་བ་བཏང་ནས་དངོས་ཤུགས་བརྒྱུད་གསུམ་ནས་སྤེལ་དང་སྤེལ་མུས་སུ་ཡོད་པའི་ཕྱི་ལ་ཕྱོགས་པའི་དྲིལ་བསྒྲགས་ཆེན་མོའི་སྐོར་དང་། རང་རེའི་བཙན་བྱོལ་སྤྱི་ཚོགས་ཀྱིས་དེ་ལ་གདོང་ལེན་ཇི་ལྟར་བྱེད་དགོས་པའི་སྐོར་བོད་དོན་ཉམས་ཞིབ་པ་གཉིས་དང་མཉམ་དུ་བགྲོ་གླེང་བྱེད་རྒྱུ་ཡིན།
དེ་རིང་གི་གདན་ཞུས་སྐུ་མགྲོན་རྣམ་པ་ནི།
བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ཉམས་ཞིབ་པ་ཟུར་བ་དང་བོད་དོན་ཉམས་ཞིབ་པ། ད་ལྟ་ཨོ་གླིང་ན་ཡོད་པའི་སྐུ་ཞབས་གནམ་ལོ་ཡག་ལགས་དང་།
བོད་མིའི་སྒྲིག་འཛུགས་དྲིལ་བསྒྲགས་ལས་ཁང་གི་རྒྱ་ཡིག་སྡེ་ཚན་གྱི་རྩོམ་སྒྲིག་པ་ཟུར་བ་དང་བོད་དོན་ཉམས་ཞིབ་པ། ད་ལྟ་ཡོ་རོབ་སི་པན་ན་ཡོད་པའི་སྐུ་ཞབས་སངས་རྒྱས་སྐྱབས་ལགས་ཡིན།

མཆན། (0)
Share
དྲ་གནས་ཆ་ཚང༌།