སྟག་དང་སྦྲང་མ་མཉམ་གསོད་བྱེད་རྒྱུ།


2015.02.06
སྟག་དང་སྦྲང་མ་མཉམ་གསོད་བྱེད་རྒྱུ། རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང༌།
ཨེ་ཨེཕ་པི།
༄༅༎ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཞེས་པའི་ལེ་ཚན་ནང་དུ། འདས་པའི་ལོ་གཉིས་ཀྱི་ནང་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་གིས་སྟག་དང་སྦྲང་མ་མཉམ་གསོད་བྱེད་རྒྱུ་ཞེས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གི་ལས་འགུལ་ཚ་ཚ་འུར་འུར་ངང་སྤེལ་ཡོད་པ་དང། ལས་འགུལ་དེར་རྒྱ་ནག་མི་དམངས་ཀྱི་བསྟོད་བསྔགས་ཐོབ་ཡོད། ཡིན་ན་ཡང་། གནད་དོན་དབྱེ་ཞིབ་པ་ཚོས། གཞི་རྩའི་ཆ་ནས་ལྐོག་ཟ་རུལ་སུངས་རྒོལ་རྡུང་གི་ལས་འགུལ་དེ་དོན་གྱིས་དབང་ཆ་འཐབ་རྩོད་དང༌། ཞི་ཅིན་ཕེང་གིས་དབང་ཆ་བེད་སྤྱད་ནས་རང་ཉིད་ཀྱི་གོ་ས་བརྟན་རྒྱུའི་ཆེད་རེད་ཅེས་སྐྱོན་བརྗོད་བྱེད་མཁན་ཡང་ཡོད་པ་དང་། དེ་བཞིན་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་ལས་འགུས་དེ་བོད་ཁུལ་དུ་བསླེབས་ཚེ། ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་ཙམ་མིན་པར་ཆབ་སྲིད་དང་ཡང་འབྲེལ་ཡོད་པ་ལ་སོགས་པའི་ཐད། དུས་ཡུན་རིང་པོར་རྒྱ་ནག་གི་གནད་དོན་ལ་ཞིབ་འཇུག་གནང་མཁན་འཇམ་དབྱངས་དར་རྒྱས་ལགས་དང་མཉམ་དུ་སྟག་ལྷ་རྒྱལ་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ༎

གསར་འགོད་པ་སྟག་ལྷ་རྒྱལ།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གྱིས་ལྐོ་ཟ་རུལ་སུངས་ལ་རྒོལ་གཏོང་བཞིན་པའི་སྲིད་ཇུས་དང་།  ཁོང་གི་དབང་ཤུགས་ཀྱི་སྐོར་ལ།  འདི་གའི་གསར་འགོད་པ་སྟག་ལྷ་རྒྱལ་དང་མཉམ་དུ་དཔལ་ལྡན་རྒྱལ་གྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ༎

གསར་འགོད་པ་དཔལ་ལྡན་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎