གསར་འགྱུར་ཡིག་ཚགས།
2023-06-03
ཕྱི་ལོ་ ༡༩༨༩ ཟླ་ ༦ ཚེས་ ༤ ཉིན་མོར་རྒྱ་ནག་ནང་དམངས་གཙོའི་ལས་འགུལ་བ་ཁྲི་ཚོ་མང་པོར་དྲག་གནོན་དང་ལས་འགུལ་བ་དམར་གསོད་བཏང་པའི་དུས་དྲན་ཉིན་མོར་ལས་འགུལ་སྤེལ་ཏེ་སྲུང་བརྩི་ཞུ་བཞིན་ཡོད་པ་རེད།
2023-06-03
རྒྱ་ནག་ཆེས་མཐོའི་ཞིབ་སྤྱོད་ལས་ཁང་གིས་ལྐོག་ཟ་རུལ་སུངས་དང་དབང་ཆ་གང་བྱུང་བེད་སྤྱོད་བྱས་པའི་ཉེས་བཙུགས་ཐོག་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པ་ཟུར་པ་ཅི་གོའོ་ཀང་འཛིན་བཟུང་བྱ་རྒྱུའི་བཀའ་བཏང་ཡོད་པ།
2023-06-03
གནམ་སྡེ་སྒོ་མོའི་ཐང་ཆེན་གྱི་ལས་འགུལ་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་དྲུག་བཞིའི་དུས་དྲན་ཉིན་མོ་དང་བསྟུན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་འདུ་ཤེས་འཛིན་སྟངས་ལ་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་འབོད་སྐུལ་གནང་འདུག
2023-06-02
རྒྱ་ནག་གིས་རྒྱལ་མཚམས་བརྒལ་ནས་ཕྱི་ཕྱོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་རྩོད་ལེན་པར་གནོན་ཤུགས་སྤྲོད་བཞིན་པ།
2023-06-02
རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་རྒྱ་ནག་ཐད་འཛིན་བཞིན་པའི་ལངས་ཕྱོགས་ལ་རྒྱ་གར་གྱི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་(Rahul Gandhi)་ཡིས་སྐྱོན་བརྗོད་གནང་འདུག
2023-06-02
པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དྲུག་བཞིའི་དོན་རྐྱེན་བྱུང་ནས་མི་ལོ་སོ་བཞི་འཁོར་ལ་ཉེ་ཞིང་། འདི་ལོ་ཧོང་ཀོང་ནང་དྲུག་བཞིའི་དོན་རྐྱེན་གྱི་དུས་དྲན་མངོན་ཆུང་གི་ཐོག་ནས་མ་གཏོགས་བྱེད་ཐུབ་གི་མེད་པ་རེད་འདུག
2023-06-02
ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་དྲུག་བཞིའི་དོན་རྐྱེན་གྱི་དྲན་རྟེན་ཁང་གསར་བཙུགས་དང་རྒྱ་ནག་གཞུང་གིས་དྲུག་བཞིའི་དོན་རྐྱེན་དེར་དག་སེལ་དགོས་པའི་དགོས་འདུན་བཏོན་ཡོད་པ།