དཔའ་བོའི་དྲན་རྟེན།

ཨ་རིའི་གསང་ལས་ཁང་ནས་བོད་མི་ཁག་ཅིག་ལ་དམག་སྦྱོང་སྤྲད་པ་རྣམས་ལ་རྗེས་དྲན་གྱི་དྲན་རྟེན།

2010.09.13
ཨ་རིའི་གསང་ལས་ཁང་ནས་བོད་མི་ཁག་ཅིག་ལ་དམག་སྦྱོང་སྤྲད་པ་རྣམས་ལ་རྗེས་དྲན་གྱི་དྲན་རྟེན།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། ཝ་རེན་སམིཐ།


༄༅༎ཕྱི་ཟླ་དགུ་པའི་ཚེས་བཅུ་རེས་གཟའ་པ་སངས་ཀྱི་ཉིན་ཨ་མེ་རི་ཀའི་མངའ་སྡེའི་ཁོ་ལོ་ར་ཌོའི་ཀེམ་ཧེལ་ཞེས་པའི་ས་གནས་སུ་དེ་སྔ་ཕྱི་ལོ་༡༩༥༨ ནས་ ༡༩༦༤ བར་ཨ་མེ་རི་ཀའི་གསང་བའི་ལས་ཁང་གིས་བོད་མི་གསུམ་བརྒྱ་ཙམ་ལ་རང་བཙན་འཐབ་རྩོད་ཆེད་འཇབ་དམག་གི་དམག་སྦྱོང་སྤྲད་པ་དང་།དེའི་ཁོངས་ནས་བོད་མི་ཁ་ཤས་འཐབ་འཛིང་སྐབས་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་རྗེས་དྲན་ཞུ་ཆེད་མངའ་སྡེའི་རྒྱལ་ཡོངས་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མརྐ་ཡུ་ཌལ་མཆོག་གིས་དྲན་རྟེན་ཞིག་གསར་འཛུགས་གནང་བ་རེད། ས་གནས་དེ་ནི་དེ་སྔ་དམག་ཆེན་གཉིས་པའི་སྐབས་ཨ་མེ་རི་ཀའི་རི་དམག་རུ་ཁག་དམག་སྦྱོང་བྱེད་ཡུལ་དེ་ཡིན་པ་དང༌།ཕྱིས་སུ་ཡུལ་ལྗོངས་བོད་དང་འདྲ་བར་བརྟེན་བོད་མི་རྣམས་ལ་དམག་སྦྱོང་སྤྲོད་ཡུལ་དུ་བསྒྱུར་བ་རེད།མཛད་སྒོའི་ཐོག་དམག་སྦྱོང་སྤྲོད་མཁན་དང་དམག་སྦྱོང་ནང་ཞུགས་མཁན་བོད་མི་ཁ་ཤས་ནས་མཉམ་ཞུགས་གནང་བ་རེད།བོད་མི་ཚོས་ས་གནས་དེར་ལྡུམ་རྭ་ཞེས་མིང་བཏགས་པ་རེད།དྲན་རྟེན་སྟེང་ ཕྱི་ལོ་༡༩༥༨ ནས་ ༡༩༦༤ བར་ཀེམ་ཧེལ་ས་གནས་དེ་བོད་མི་རང་བཙན་འཐབ་རྩོད་པ་ཚོ་དམག་སྦྱོང་བྱ་ཡུལ་གལ་ཆེ་ཞིག་ཡིན་པ་དང༌།སི་ཨཡི་ཨེས་དམག་སྦྱོང་སྤྲད་པའི་བོད་མི་མང་པོ་རང་བཙན་འཐབ་རྩོད་སྐབས་རྐྱེན་འདས་སུ་ཕྱིན་པ་རེད་ཅེས་འཁོད་ཡོད་པ་རེད༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎