བོད་ནང་བོད་མི་ཚེ་སྲོག་ཤོར་བ་རྣམས་ལ་སྨོན་ལམ།

བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་བོད་ནང་བོད་མི་ཚེ་སྲོག་ཤོར་བ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད་སྨོན་ལམ་གོ་སྒྲིག་གནང་འདུག

2008.06.03

༄༅༎ཉེ་ཆར་རྒྱ་ནག་གཞུང་གིས་བོད་ནང་བོད་མི་རྣམས་ལ་དྲག་གནོན་དང་འཛིན་བཟུང་བཙོན་བཅུག་འོག་བོད་མི་མང་པོའི་ཚེ་སྲོག་ཤོར་ཡོད་པར་བརྟེན་བཙན་བྱོལ་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་གདུང་སེམས་མཉམ་སྐྱེད་ཆེད་སྨོན་ལམ་རྒྱ་ཆེན་པོ་ཞིག་གོ་བསྒྲིགས་གནང་ཡོད་པའི་སྐོར་གདུགས་དཀར་འབུམ་གྱིས་གནས་ཚུལ་ཕྱོགས་སྒྲིག་བྱས་པར་ཞིག་གསན་རོགས་གནང༌༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎