ཨ་སྒོར་ས་ཡ་གཅིག་གཏའ་མར་བཞག་ནས་ཁོ་པ་གློད་བཀྲོལ་ཡོང་བའི་ཞུ་གཏུགས།


2020.10.03
པད་མ་དར་རྒྱས་ངག་དབང་ཞེས་པས་བོད་པའི་བོད་མིའི་ཐོག་གསོ་ལྟ་བྱས་པ། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་བོད་རིགས་ཉེན་རྟོག་པ་པད་མ་དར་རྒྱས་ངག་དབང་ཞེས་པས་ཁྲིམས་འགལ་གྱི་ཐོག་ནས་རྒྱ་ནག་གཞུང་གི་ཆེད་ལས་དོན་སྤེལ་བའི་ཉེས་མིང་འོག་འཛོན་བཟུང་དོ་དམ་བྱེད་ཡོད་འདུག
ངོ་དེབ།

ཉེ་དུས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་གི་བོད་མིའི་ཐོག་གསོ་པ་བྱས་པའི་དྭོགས་གཞིའི་འོག་འཛིན་བཟུང་བྱས་པའི་ཉེན་རྟོག་པ་དེའི་བཟའ་ཟླ་དང་བཟའ་ཟླའི་ཨ་མ་གཙོས་པའི་མི་དགུ་ཡིས་ཨ་སྒོར་ས་ཡ་གཅིག་གཏའ་མར་བཞག་ནས་ཁོ་པ་གློད་བཀྲོལ་ཡོང་བའི་སྙན་ཞུ་ཞིག་ས་གནས་ལ་ཡོད་པའི་ཨ་རིའི་དབུས་གཞུང་གི་ཁྲིམས་དཔོན་ལ་ཕུལ་འདུག  རང་ལོ་༣༣་ཡིན་པའི་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་ཉེན་རྟོག་པ་པདྨ་དར་རྒྱས་ངག་དབང་ཟེར་བ་དེའི་གནད་དོན་ཐོག་གཟའ་པ་སངས་ཉིན་དྲ་རྒྱའི་ཐོག་ནས་ཁྲིམས་གཏུགས་བྱེད་སྐབས་ནིའུ་ཡོག་གི་Brooklynས་གནས་ཀྱི་ཁྲིམས་དཔོན་Lois Bloom ཡིས་ཨ་སྒོར་ས་ཡ་གཅིག་གཏའ་མར་བཞག་ན་ཁོ་པ་གློད་བཀྲོལ་གཏོང་རྒྱུའི་ཁས་ལེན་གནང་ན་ཡང་། དེའི་ཐད་ཐག་གཅོད་དངོས་གཞི་དེ་བཞིན་གཟའ་མིག་དམར་ཉིན་དབུས་གཞུང་གི་ཁྲིམས་དཔོན་Eric Komitee ཡིས་མཐའ་མའི་ཐག་གཅོད་གནང་བའི་ཚོད་དཔག་བྱེད་ཀྱི་ཡོད་པར་བརྟེན། རྒྱ་མིའི་གསོ་པ་པདྨ་དར་རྒྱས་ངག་དབང་ཟེར་བ་དེ་Brooklyn ས་གནས་ཀྱི་བཀག་ཉར་ཁང་ནང་ཉུང་མཐར་ཡང་བདུན་མཇུག་བར་གནས་དགོས་ཀྱི་ཡོད་འདུག པདྨ་དར་རྒྱས་ངག་དབང་ཟེར་བའི་ཉེན་རྟོག་པ་དེའི་བཟའ་ཟླ་དང་བཟའ་ཟླའི་ཨ་མ། དེ་བཞིན་དེ་སྔ་ཁོ་པ་ཨ་རིའི་དམག་མི་བྱེད་སྐབས་ཀྱི་རོགས་པ་བཅས་ཁྱོན་མི་དགུ་ཡིས་ཨ་སྒོར་ས་ཡ་གཅིག་གཏའ་མར་བཞག་ནས་ཁོ་པ་གློད་བཀྲོལ་ཡོང་བའི་སྙན་ཞུར་ས་ཡིག་བརྒྱབ་ཡོད་འདུག   གལ་ཏེ་ཨ་རིའི་དབུས་གཞུང་གི་ཁྲིམས་ཁང་ལ་གཏའ་མ་ཨ་སྒོར་ས་ཡ་གཅིག་སྤྲད་ནས་རེ་ཞིག་ཁོ་པ་བཀག་ཉར་འོག་ནས་གློད་བཀྲོལ་ཐོབ་ན་ཡང་། ཁོ་པའི་ནང་ཁྱིམ་ནང་གློག་གི་རྟོག་ཞིབ་བྱེད་མཁན་གྱི་འཕྲུལ་ཆས་གྱོན་ནས་ཁྲིམས་ཞིབ་དངོས་གཞི་བྱ་རྒྱུར་ངང་སྒུག་བྱེད་དགོས་ཀྱི་ཡོད་པ་དང་ད་ལྟའི་འཆར་ཁོ་པ་གྲོང་ཁྱེར་ནིའུ་ཡོག་གི་ས་གནས་Brooklyn ལ་ཡོད་པའི་ཨ་རིའི་དབུས་གཞུང་གི་བཀག་ཉར་ཁང་ཞིག་ནང་ཁེར་རྐྱང་བཙོན་འཇུག་འོག་གནས་མུས་ཡིན་འདུག  ཨ་རིའི་དབུས་གཞུང་གི་ཁྲིམས་རྩོད་པའི་ཕྱག་རོགས་Micheal Keilty ལགས་ཀྱིས་པདྨ་དར་རྒྱས་ངག་དབང་ཟེར་བའི་རྒྱ་མིའི་གསོ་པ་ཡིན་པར་དྭོགས་གཞིའི་འོག་བཀག་ཉར་བྱས་པའི་ཉེན་རྟོག་པ་དེ་གློད་བཀྲོལ་གཏོང་འགྱུར་ངོ་རྒོལ་གནང་སྟེ། གལ་ཏེ་ཁོ་པ་གློད་བཀྲོལ་བཏང་ཚེ་ཁོ་པ་རྒྱ་ནག་གི་གཞུང་ཚབ་ཁང་ནང་འཛུལ་ནས་ཁྲིམས་གཏུགས་གཡོལ་ཐབས་བྱེད་སྲིད་སྐོར་གསུངས་འདུག ཡང་ཨ་མེ་རི་ཀ་དང་རྒྱ་ནག་གཉིས་དབར་མི་ནག་ཅན་པ་རྩིས་སྤྲོད་བྱ་རྒྱུའི་གྲོས་མཐུན་ཡང་མེད་པ་རེད། པདྨ་དར་རྒྱས་ངག་དབང་ཟེར་བའི་ནིའུ་ཡོག་གི་ཉེན་རྟོག་པ་དེས་ཕྱི་ལོ་༢༠༡༤ལོ་ནས་བཟུང་ནེའུ་ཡོག་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་རྒྱ་མིའི་དཔོན་རིགས་གཉིས་ལ་ནིའུ་ཡོག་གི་བོད་མིའི་སྤྱི་ཚོགས་སྐོར་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་པའི་དྭོགས་གཞིའི་འོག་བཀག་ཉར་བྱས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎