དཀྲོག་གཏམ་སྤེལ་མཁན་མི་གྲངས་༡༠༠༠ལྷག་འཛིན་བཟུང་།

ཉེ་བའི་ནང་རྒྱ་ནག་གི་ཞིང་ཆེན་འདྲ་མིན་ནས་མཐུ་ནུས་ཅན་གྱི་དཀོན་མཆོག་ཞེས་པའི་ཆོས་ལུགས་ལ་ཡིད་ཆེས་བྱེད་མཁན་དང་དཀྲོག་གཏམ་སྤེལ་མཁན་མི་གྲངས་༡༠༠༠ལྷག་འཛིན་བཟུང་བྱས་ཡོད་འདུག

2012.12.21

དེ་ཡང་ཆོས་ལུགས་དེར་ཡིད་ཆེས་བྱེད་མཁན་གྱི་ཚོགས་པ་Almighty Godཞེས་པའི་ཚོགས་པའི་ཚོགས་མི་གྲངས་༣༥༠ ཞིག་རྒྱ་ནག་གི་ནུབ་བྱང་ཞིང་ཆེན་Guizhouལ་དོ་དམ་བྱས་ཡོད་པ་དང་། ཡང་མི་གྲངས་  ༤༠༠ སྐོར་ཞིག་ཆིང་ཧའི་ཞིང་ཆེན་ནང་འཛིན་བཟུང་བྱས་ཡོད་པ་སོགས་རྒྱ་ནག་གི་ཞིང་ཆེན་འདྲ་མིན་ནས་མི་གྲངས་༡༠༠༠ལྷག་འཛིན་བཟུང་བྱས་ཡོད་འདུག

ཚོགས་པ་དེས་བདུན་འདིའི་རེས་གཟའ་པ་སངས་ནས་འཛམ་གླིང་ནང་མུན་ནག་གི་ཉིན་མོ་འཆར་རྒྱུ་དང་། ཚོགས་པའི་ཚོགས་མི་རྣམས་ཀྱིས་འབྲུག་དམར་པོ་ཆེན་པོ་ཞེས་རྒྱ་ནག་ཧུང་ཁྲན་ཏང་གི་གཞུང་དེ་རྩ་མེད་བཟོ་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད་། དེ་བཞིན་ཚོགས་པ་དེས་སྟོན་པ་ཡེ་ཤེས་བུད་མེད་ཀྱི་ཚུལ་དུ་བྱོན་ཡོད་པ་དང་། འཛམ་གླིང་ཐོག་ས་ཡོམ་དང་མཚོ་རླབས་ཡོང་རྒྱུར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད་། དེ་ལྟར་འཛམ་གླིང་མེད་པར་ཆགས་རྒྱུའི་སྔོན་དཔགས་ཀྱི་གནས་ཚུལ་དེ་རྒྱ་ནག་ནང་རྒྱ་ཆེར་ཁྱབ་ཡོད་པ་དང་། དེ་ནི་ཨ་མི་རི་ཀའི་གློག་བརྙན་2012 ཞེས་པ་དེ་རྒྱ་ནག་ནང་བལྟ་མཁན་ཤུགས་ཆེ་བྱུང་ཡོད་པས་ཡིན་འདུག།

གནས་ཚུལ་ལྟར་ན། རྒྱ་ནག་གི་Almighty God ཞེས་པའི་ཆོས་ཚོགས་དེ་ཕྱི་ལོ་ ༡༩༩༠ ལོའི་ནང་འགོ་འཛུགས་བྱུང་ཡོད་ཀྱང་གཞུང་ཕྱོགས་ནས་བཀའ་འཁྲོལ་མེད་པའི་ཆོས་ལུགས་ཁག་གི་ཐོག་དམ་དྲག་ཤུགས་ཆེ་ཡོད་པའི་དབང་གིས་ཆོས་ཚོགས་དེ་དག་ད་བར་གསང་བའི་ཐོག་གནས་དགོས་བྱུང་ཡོད་པ་རེད་། རྒྱ་གཞུང་གིས་ད་ཐེངས་ཆོས་ཚོགས་དེར་དམ་དྲག་གི་ལས་དོན་དེ་བོད་མདོ་སྨད་ཁུལ་དུ་བོད་མིས་རང་ལུས་མེར་བསྲེག་གི་དོན་རྐྱེན་ཁག་དང་འབྲེལ་བ་ཡོད་སྐོར་ཡང་བཤད་ཡོད་པ་རེད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ཀྱི་ལོ་གསར་དང་སྟབས་བསྟུན་ནས་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་ལམ་ཟུར་དུ་རླངས་འཁོར་འཇོག་རིན་བསྡུ་ལེན་མི་བྱེད་རྒྱུའི་ཁྲིམས་ཡིག་ཉན་ཞིབ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་ཏུ་བཙན་ཐབས་ཀྱིས་རྒྱལ་སྟོན་དུས་ཆེན་ཟེར་བ་གཞི་རྒྱ་ཆེན་པོས་སྲུང་བརྩི་བྱེད་བཅུག་ཡོད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎