ཀན་སུ་ཞིང་ཆེན་གྱི་བཙོན་ཁང་ནང་ཡུ་གུར་མི་རིགས་ཆིག་ཁྲི་ལྷག་བཀག་ཉར་བྱས་འདུག

2019-04-13
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གི་ཤིན་ཅང་ཡུ་གུར་མི་རིགས་ཆིག་ཁྲི་ལྷག་ཙམ་ཞིག་ཀན་སུ་ཞིང་ཆེན་གྱི་བཙོན་ཁང་ནང་སྤོ་ཞུགས་བྱེད་ཡོད་པའི་གནས་ཚུལ་འདུག
རྒྱ་ནག་གི་ཤིན་ཅང་ཡུ་གུར་མི་རིགས་ཆིག་ཁྲི་ལྷག་ཙམ་ཞིག་ཀན་སུ་ཞིང་ཆེན་གྱི་བཙོན་ཁང་ནང་སྤོ་ཞུགས་བྱེད་ཡོད་པའི་གནས་ཚུལ་འདུག
ཨེ་པི།

འདི་ག་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་ནས་གནས་ཚུལ་མཁོ་སྒྲུབ་བྱེད་པ་བརྒྱུད་ཤེས་རྟོག་བྱུང་བར་གཞིགས་ན། རྒྱ་ནག་གི་ཤིན་ཅང་ཞེས་འབོད་པའི་ཁ་ཆེའི་ཡུ་གུར་མི་རིགས་ཚོའི་མངའ་ཁུལ་ནང་ཕྱི་ལོ་ ༢༠༡༧ ལོའི་འགོ་སྟོད་ནས་བཟུང་ཁ་ཆེའི་ཆོས་ལུགས་ཀྱི་ལྟ་བ་འཁྲེགས་པོར་འཛིན་ནས་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་ཡིན་པའི་ཉེས་མིང་འོག་མི་གྲངས་ཁྲི་ཁྲག་འགའ་ཤས་འཛིན་བཟུང་དོ་དམ་བྱས་ཡོད་པ་ཁག་ཅིག་རིམ་པས་རྒྱ་ནག་གི་ས་ཁུལ་གཞན་ལ་སྤོ་ཞུགས་བྱས་ཡོད་འདུག ལྷག་པར་དུ་ཉེ་བའི་ཆར་ཤིན་ཅང་ཁུལ་ནས་ཀན་སུ་ཞིང་ཆེན་གྱི་བཙོན་ཁང་ཁག་ཅིག་ནང་སྤོ་བཞུད་བྱས་ཡོད་པའི་སྐོར་འདི་ནས་ཀན་སུ་དང་ཤན་དྲོང་། ཤེན་སིོ་ཞིང་ཆེན་བཅས་པའི་འབྲེལ་ཡོད་མི་སྣར་གནད་དོན་འདིའི་ཐད་འདྲི་བརྩད་བྱས་པའི་སྐབས། མིང་འདོན་མ་བྱེད་པའི་འབྲེལ་ཡོད་ལས་བྱེད་ཞིག་གིས། ཤིན་ཅང་ཁུལ་ནས་གནས་སྤོ་བྱེད་པའི་མི་གྲངས་༢༠༠ ནས་ ༣༠༠ བར་རུ་ཁག་སོ་སོའི་ནང་ཟུར་འཇོག་བྱས་ཡོད་ལུགས་དང་། ཡང་Wuwei ཞེས་པའི་བཙོན་ཁང་གི་འབྲེལ་ཡོད་ཚོར་སླར་ཡང་འདྲིོ་རྩད་བྱེད་པའི་སྐབས། ཤིན་ཅང་ཁུལ་ནས་བཙོན་པ་སྤོ་ཞུགས་བྱེད་རྒྱུའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་མཉམ་ཞུགས་བྱས་པ་ཡིན། འོན་ཀྱང་གོང་རིམ་ནས་ཆོག་མཆན་མེད་པར་ངས་གང་བྱུང་གནས་ཚུལ་ཕྱིར་བཤོད་ཆོག་གི་མ་རེད་ཅེས་ལན་འདེབས་རྒྱབ་འདུག ཤིན་ཅང་ཁུལ་ནས་ཡུ་གུར་ཁ་ཆེའི་མི་རིགས་ཚོར་རྒྱ་ནག་གི་མངའ་ཁུལ་འདྲ་མིན་ནང་སྤོ་ཞུགས་བྱེད་དགོས་དོན་གཅིག་ནི་ཉེ་དུས་བཟུང་རྒྱལ་སྤྱིའི་ནང་། ཤིན་ཅང་མངའ་ཁུལ་དུ་མི་གྲངས་ས་ཡ་གཅིག་ལྷག་ཙམ་དོ་དམ་བཙོན་བཅུག་བྱས་ཡོད་པའི་ཉེས་འཛུགས་ཕོག་ནས་རྒྱལ་སྤྱིའི་རྟོག་ཞིབ་མི་སྣ་ཁུལ་དེར་ཞིབ་འཇུག་ཆེད་ཕེབས་འཇུག་དགོས་པའི་རྒྱ་ནག་ལ་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་པ་བརྟེན་སློབ་གསོའི་ར་བའི་ནང་གི་གྲངས་འབོར་མི་གསལ་བ་བཟོ་ཐབས་ཆེད་དུ་རྒྱ་ནག་གི་བཙོན་ཁང་ཁག་དུ་གནས་སྤོ་བྱེད་སྲིད་པ་ཡིན་པ་ཞིག་བརྗོད་འདུག རྒྱ་ནག་གཞུང་ནས་ཐོག་མ་ཡུ་གུར་མི་རིགས་ཚོ་སློབ་གསོའི་ར་བ་ནང་དོ་དམ་བཀག་ཉར་བྱེད་ཡོད་པ་ཁས་ལེན་གནང་མེད་ན་ཡང་༢༠༡༨ལོར་ཤིན་ཅང་ས་ཁུལ་གྱི་དཔོན་རིགས་ཤིག་གིས་ཁོང་ཚོ་དོ་དམ་བྱེད་དགོས་དོན་ནི་རྒྱལ་ཁབ་འཇིགས་སྐུལ་དྲག་སྤྱོད་པའི་ལས་འགུལ་ལས་སྲུང་སྐྱོབ་ཀྱི་ཆེད་དང་ཡུ་གུར་ཁ་ཆེ་ཚོར་ལག་ཤེས་སྦྱོང་བརྡར་སྤྲོད་རྒྱུའི་ཆེད་དུ་ཡིན་པ་འགྲེལ་བཤད་རྒྱབ་ཡོད་པ་རེད།།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།