བཙན་བྱོལ་བོད་མི་མང་གི་སྤྱི་འཐུས་ཚོགས་ཆེན་དྲུག་པ།

བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཐེངས་དྲུག་པ་དེ་བཞུགས་སྒར་རྡ་རམ་ས་ལར་དབུ་འཛུགས་གནང་ཡོད་པ་རེད་

2008.09.08

༄༅༎བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཐེངས་ ༦ པ་དེ་བཞུགས་སྒར་རྡ་རམ་ས་ལར་དབུ་འཛུགས་གནང་ཡོད་པ་རེད་

ཚོགས་འདུའི་དབུ་འབྱེད་ཉིན་མོར་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་གིས་བོད་དོན་ཆེད་རང་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མི་རྣམས་པའི་ཆེད་མྱ་ངན་གུས་བཏུད་ཞུས་གནང་ཡོད་པ་རེད་ བོད་མི་མང་སྤྱི་འཐུས་རྣམས་པས་འདི་ལོ་བོད་ནང་གི་ཞི་བའི་ངོ་རྒོལ་ནང་རང་སྲོག་བློས་བཏང་གནང་མཁན་རང་རིགས་རྣམས་ཀྱི་ཆེད་དུ་དྲན་གསོའི་ངག་བཅད་མྱ་ངན་གུས་བཏུད་སྐར་མ་གཅིག་རིང་གནང་ཡོད་པ་རེད་ ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་གིས་བོད་ནང་རྒྱ་གཞུང་གིས་བོད་མིའི་ཐོག་དྲག་གནོན་གྱི་སྲིད་བྱུས་ཤིག་ལག་བསྟར་བྱེད་བཞིན་པ་དེ་མཚམས་འཇོག་ཡོང་རྒྱུར་བཙན་བྱོལ་བོད་གཞུང་གིས་བཙུགས་གནང་བའི་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་ད་བར་གྱི་ལས་འགུལ་ཇི་སྤེལ་སྐོར་ཚོགས་ཐོག་ལ་སྙན་སེང་གནང་ཡོད་པ་རེད་ ཡང་ཁོང་གིས་འཛམ་གླིང་གི་ས་ཕྱོགས་གང་སར་གནས་འཁོད་བོད་མི་དང་བོད་དོན་རྒྱབ་བསྐྱོར་གནང་མཁན་རྣམས་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་ཐོག་བློ་འཚབ་གནང་དགོས་མེད་པར་ གང་ཉིད་ལ་སྨན་པས་སྐུ་ངལ་གསོ་དགོས་པའི་ལམ་སྟོན་གནང་པ་ལས་གཞི་རྐང་༸གོང་ས་མཆོག་གི་སྐུ་ཁམས་གསལ་ཐང་ཡིན་སྐོར་གསུང་འདུག བཙན་བྱོལ་བོད་གཞུང་སྤྱི་འཐུས་ལྷན་ཚོགས་ཐེངས་དྲུག་པ་དེ་བདུན་གཅིག་ལྷག་ཙམ་རིང་ཕྱི་ཚེས་ ༡༦ བར་བསྐྱངས་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎