བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་སྲིད་སྐྱོང་ནས་བསྐོ་བཞག་མི་དགོས་པ་སྲིད་སྐྱོང་མཆོག་གིས་གྲོས་ཚོཊ་ནང་གསུངས་འདུག

2019-09-20
གློག་འཕྲིན།
མཆན།
Share
པར་བཀོད།
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཚོགས་རྭ། ༢༠༡༩།༩།༢༠
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཚོགས་རྭ། ༢༠༡༩།༩།༢༠
RFA

བོད་མིའི་སྤྱི་ཚོགས་ནང་མ་མཐུན་པའི་གནས་ཚུལ་ཡོད་པ་མཐུན་པོ་བཟོ་རྒྱུ་དེ་འགོ་གྲོས་ཚོགས་རྭ་བ་ནས་འགོ་འཛུགས་དགོས་པ་ཚོགས་གཙོ་མཆོག་གིས་གྲོས་ཚོགས་ཀྱི་དབུ་འབྱེད་གཏམ་བཤད་སྐབས་གསུངས་འདུག
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་བཞིན་༢༠༡༩་ཟླ་༩་ཚེས་༢༠་ཉིན་འགོ་བཙུགས་ཀྱིས་ཚེས་༣༠་བར་བཞུགས་སྒར་རྡ་རམ་ས་ལར་ཚོགས་གནང་གི་ཡོད་པ་བཞིན། འདི་ཚེས་༢༠་ཉིན་ཚོགས་འདུ་དབུ་ཚུགས་པ་དང་མཉམ་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་དབུ་འབྱེད་གཏམ་བཤད་གནང་སྐབས། བོད་མིའི་སྤྱི་ཚོགས་ཁྲོད་མ་འགྲིག་པ་དང་མ་མཐུན་པའི་གནས་ཚུལ་ཡོད་ན་མཐུན་པ་དང་འགྲིག་པ་བཟོ་རྒྱུ་དེ་སྤྱི་འཐུས་ནས་འགོ་འཛུགས་དགོས་པ་གལ་ཆེ་ཡིན་པ་གསུངས་ཤིང་།  ཁོང་གིས་ད་དུང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོལ་གསུམ་ཆིག་སྒྲིལ་དགོས་པའི་བཀའ་སློབ་ཁག་སྙིང་བཅིངས་ཐོག་རྩ་བའི་བླ་མ་རྣམས་ཐུགས་དགྱེས་པོ་དང་མི་དམངས་བློ་བདེ་བག་ཕེབས་ཡོང་བ་ཞིག་དང་། བོད་ཀྱི་རྩ་དོན་འགྲུབ་སླད་ཆིག་སྒྲིལ་གནང་གལ་ཆེ་བ་ནན་བརྗོད་གནང་ཡོད་པ་རེད།
དེ་ནས་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་འཆར་བཏོན་པའི་ནང་། རྒྱ་ནག་གཞུང་གི་ངོས་ནས་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་བོད་རྒྱ་ཞི་མོལ་འཕྲལ་དུ་འགོ་འཛུགས་དགོས་པ། བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཨ་རི་གཙོ་བོར་འགྱུར་བའི་རྒྱལ་སྤྱིའི་གཞུང་དང་། གྲོས་ཚོགས། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ལ་ཐུགས་རྗེ་ཆེ་ཞུས་པ་དང་། རྒྱ་ནག་གི་ངོས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་སྐུར་འདེབས་ཞུ་རྒྱུ་མཚམས་འཇོག་དགོས་པ་དང་། ལྷག་པར་མ་འོངས་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་དབང་ཆ་རྒྱ་ནག་གཞུང་ལ་རྩ་བ་ནས་མེད་པ་ནན་བརྗོད་བྱེད་རྒྱུ་ཡིན་པ་སོགས་འཁོད་འདུག་ཅིང་། གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཐོག་སྤྱི་འཐུས་རྣམ་པས་རྒྱབ་སྐྱོར་ཡོད་པའི་གཏམ་བཤད་དང་བགྲོ་གླེང་གནང་ཡོད་པ་རེད།
བགྲོ་གླེང་སྐབས་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་ནས་སྲིད་སྐྱོང་མཆོག་ནས་དུས་རྟག་ཏུ་བོད་རྒྱ་འབྲེལ་མོལ་ཆེད་ག་དུས་ཡིན་ཡང་གྲ་སྒྲིག་ཨང་གསར་ཡོད་སྐོར་གསུང་གི་ཡོད་ཀྱང་། ཕྱི་ལོ་ ༢༠༡༢་ནས་ད་ལྟ་བར་དམིགས་བསལ་སྐུ་ཚབ་བསྐོས་མེད་པ་དང་། བོད་རྒྱ་འབྲེལ་མོལ་གྱི་ཁོར་ཡུག་བསྐྲུན་ཀྱི་མེད་པ་སོགས་ཀྱིས་ད་བར་བོད་རྒྱ་འབྲེལ་མོལ་བྱུང་མེད་པ་དང་། འབྱུང་འགྱུར་གྱི་ལོ་ངོ་གཉིས་ཙམ་གྱི་ནང་ད་ལྟའི་བཀའ་ཤག་དང་། ལྷག་པར་སྲིད་སྐྱོང་མཆོག་ནས་འབྲེལ་མོལ་བརྒྱུད་བོད་ལ་ཏན་ཏན་ལོག་ཐུབ་མིན་དོགས་འདྲི་གནང་བར། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ “སྐུ་ཚབ་སྐོར་ལ་ངས་སྔོན་མ་ནས་དགོས་ཀྱི་མ་རེད་ཞེས་གསལ་པོ་བཤད་ཟིན་པ་ཡིན། དེ་ཡང་ད་ཐེངས་ཡང་བསྐྱར་གསལ་པོར་ཞུས་ན། ༢༠༡༧ ལོའི་ལྔ་དང་ལྔ་བཅུའི་ཆབ་སྲིད་སྐོར་གྱི་ཚོགས་འདུའི་ཐོག་༧གོང་ས་མཆོག་གིས་དེའི་ཐད་གསལ་པོ་བཟོས་གནང་ཚར་བ་རེད། བཀུར་འོས་སྤྱི་འཐུས་རྒྱུན་ལས་ཡིན་པའི་ཆ་ནས་དེའི་སྐོར་མཁྱེན་དགོས་ཀྱི་ཡོད་པ་རེད་ཅེས་དང་། ད་དུང་སྲིད་སྐྱོང་མཆོག་གིས་མུ་མཐུད་དུ་“ཡིན་ཡང་དེ་རིང་བསྐྱར་དུ་དེའི་སྐོར་དྲི་བ་བཏང་ཡོང་དུས་ང་འཚེར་པོ་འདུག ནམ་རྒྱུན་ངའི་དམ་བཅའ་དེ་༧གོང་ས་མཆོག་གིས་བཀའ་མང་པོ་གནང་གི་ཡོད་པ་ཚང་མ་ཕྱི་ལོག་ལ་བཤད་རྒྱུ་མ་རེད། འོས་བསྡུ་སོགས་ཀྱི་སྐབས་ང་ལ་སྐྱོན་བརྗོད་ཆེ་ཤོས་དེ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།